ངོ་འཕྲད་བདེ་བའི་དྲ་འབྲེལ།

ཝུ་ཧན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་༣་ལ་ནད་དུག་འགོས་སྐད།


༄༅།། ཨ་རིའི་ཝོལ་སི་ཊི་རི་ཊི་གསར་ཁང་གིས་ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་༥་པའི་ཚེས་༢༣་སྟེ། རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་སྲིད་གཞུང་སྔོན་མ་དང་ད་ལྟའི་སྲིད་གཉིས་ཀྱི་དཔོན་རིགས་ཚོས་རྒྱ་ནག་གི་དབང་འཛིན་པ་ཚོས་ཏོག་དབྱིབས་ནད་དུག་གི་གནས་ཚུལ་ཐོན་པ་རྣམས་ཕྱིར་བསྒྲགས་མ་བྱས་པའི་གཟའ་འཁོར་ཁ་ཤས་ཀྱི་སྔོན་དེར་ཝུ་ཧན་ནད་དུག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་གསུམ་ལ་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ནང་དུ་ཏོག་དབྱིབས་དུག་འགོས་ནས་སྨན་ཁང་དུ་སྨན་བཅོས་བྱས་ཡོད་ཅིང་། མི་ཚོས་ཏོག་དབྱིབས་ནད་དུག་དེ་ཝུ་ཧན་ནད་དུག་ཞིབ་འཇུག་ཁང་ནས་ཕྱི་ལ་ཤོར་བའི་དོགས་པ་བྱེད་ཀྱི་ཡོད་པར་ཞིབ་འཇུག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG