ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་འོས་མིའི་རྩོད་གླེང་ཐེངས་དང་པོ།


ཕྱི་༡༠་ཚེས་༣་གྱི་དགོང་མོར་ཨ་རིའི་སྲིད་འཛིན་ལས་ཐོག་བྷ་རག་ཨོ་བྷ་མ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མཱི་ཊི་རོམ་ཎི་གཉིས་ཀྱིས་ཕྱི་ལོ་༢༠༡༢་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་རྩོད་གླེང་ཐེངས་དང་པོ་བྱས་ཏེ། དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གི་རྩོད་གླེང་དེའི་བརྗོད་གཞི་གཙོ་བོ་ཨ་མི་རི་ཀའི་དཔལ་འབྱོར་སླར་གསོ་དང་དཔྱ་ཁྲལ་སྲིད་ཇུས། ཨ་མི་རི་ཀའི་སྤྱི་ཚོགས་འགན་སྲུང་གི་འཚོ་དོད་ཡོང་འབབ་དང་རྒས་ཕོགས་ཉུང་དུ་གཏོང་རྒྱུ་ཡིན་མིན། སྲིད་འཛིན་ཨོ་བྷ་མས་གཏན་འབེབས་བྱས་པའི་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་ཨ་མི་རི་ཀའི་མི་དམངས་ལ་ཕན་ཐོགས་ཡོད་བཅས་ཨ་རིའི་རྒྱལ་ནང་གི་ལས་དོན་འབའ་ཞིག་ལ་རྩོད་གླེང་བྱས་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མཱི་ཊི་རོམ་ཎིས་སྲིད་འཛིན་ཨོ་བྷ་མའི་དཔལ་འབྱོར་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ་དང་། ཁོང་གི་དཔྱ་ཁྲལ་སྲིད་ཇུས་ལ་སྲིད་འཛསྲིད་འཛིན་ཨོ་བྷ་མས་འགྲེལ་བཤད་རྒྱག་གི་ཡོད་པ་དེར་མོས་མཐུན་གཏན་ནས་བྱས་མེད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG