ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་ན་སྟོན་དགོས།


ཨ་མི་རི་ཀའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱིས་འདི་ཟླའི་ཚེས་༢༤་ཉིན་ཆེད་བརྗོད་ཅིག་སྤེལ་ནས་གྲོས་ཚོགས་གོང་འོག་གཉིས་ཀས་མང་མོས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་སོང་། གལ་ཏེ་སྲིད་འཛིན་ཌོ་ནལ་ཊམ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་ན་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་རྒྱབ་སྐྱོར་བྱ་དགོས། དེ་ལྟར་མ་བྱུང་ན་མ་འོངས་པར་ཨ་མི་རི་ཀར་གནད་དོན་འདི་གཉིས་ཀྱི་ཐད་དུ་གླེང་སློང་བྱེད་ཆོག་པའི་འོས་བབ་མེད་པར་འགྱུར་རྒྱུ་རེད་ཅེས་སྲིད་འཛིན་ལ་ཧོང་ཀོང་གི་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG