ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

སྲིད་འཛིན་ཌོ་ནལ་ཊམ་ལ་ནད་དུག་འགོས་ནས་སྨན་ཁང་དུ་འཁྱེར་པ།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་སྐུ་ཟླ་མ་ལཱ་ཎི་ཡ་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་ནས་སྲིད་འཛིན་ཌོ་ནལ་ཊམ་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཡོད་པའི་ཝོལ་ཊར་རི་ཌི་སྨན་ཁང་དུ་འཁྱེར་འདུག གཟའ་པ་སངས་ཀྱི་ཕྱི་དྲོའི་ཆུ་ཚོད་༦་དང་སྐར་༢༠་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་ཕོ་བྲང་དཀར་པོ་ནས་ཐད་འཕུར་གནམ་གྲུའི་ནང་དུ་སྨན་ཁང་དུ་ཕེབས། ཝོལ་ཊར་རི་ཌི་སྨན་ཁང་ནི་ཕོ་བྲང་དཀར་པོ་ནས་ཐད་འཕུར་གནམ་གྲུའི་ནང་དུ་དུས་ཡུན་སྐར་མ་༡༠་ཡས་མས་ཤིག་ལམ་ཐག་ལས་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁ་རས་ནག་པོ་ཞིག་གྱོན་ནས་ཐད་འཕུར་གནམ་གྲུ་ནང་དུ་འཛུལ་ཏེ་གསར་འགོད་པ་ཚོར་བཀའ་མོལ་ཅི་ཡང་གསུངས་མེད་མོད། འོན་ཀྱང་སྲིད་འཛིན་ཊམ་གྱིས་བརྙན་ཐུང་ཞིག་གི་ནང་དུ་ངའི་ནད་གཞི་ལྕི་མོ་མི་འདུག སྐུ་ཟླ་མ་ལཱ་ཎི་ཡ་ཡང་སྡུག་པོ་མི་འདུག ཡིན་ནའང་ང་སྨན་ཁང་དུ་ཕྱིན་ནས་སྨན་བཅོས་ཡག་པོ་ཞིག་བྱ་རྒྱུ་ཡིན། ང་ལ་འཚམས་འདྲི་དང་སེམས་ཁྲལ་བྱེད་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སྒྲ་འཇུག་བྱས་པ་ཞིག་གསར་འགོད་པ་ཚོར་བཀྲམ། ཕྱི་ཟླ་༡༠་པའི་ཚེས་༢་ཀྱི་སྔ་དྲོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་དང་སྐུ་ཟླ་མ་ལཱ་ཎི་ཡ་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་། དེར་རྟེན་ང་ཚོས་འཕྲད་དུ་རང་ཉིད་ཟུར་འགོག་བྱས་ནས་སྨན་བཅོས་བྱ་འཆར་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྲིད་འཛིན་ཊམ་གཏན་ཞལ་གཉིས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཡོད་ཅེས་འཚམས་འདྲིའི་གློག་འཕྲིན་འབྱོང་བཞིན་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་ལ་ཚ་བ་འཕར་ཏེ་ངལ་དུབ་ཀྱིས་མནར་གྱི་ཡོད་པའི་གནས་ཚུལ་ཐོན་རུང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་ནད་དུག་འགོས་པའི་སྙུང་གཞི་ཅི་ཙམ་ལྕི་མིན། གལ་ཏེ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་འཛིན་སྐྱོང་གི་ཐུགས་འགན་བཞེས་མ་ཐུབ་ཚེ། དུས་ཡུན་གང་འཚམ་ཞིག་གི་རིང་ལ་སྲིད་འཛིན་གཞོན་པ་མེཀ་ཕན་སི་ལ་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་མིན་སོགས་ཀྱི་འགྲེལ་བཤད་ཅི་ཡང་བརྒྱབ་མེད་པ་རེད། ཨ་རིའི་རྩ་ཁྲིམས་སུ་སྲིད་འཛིན་སྨན་ཁང་དུ་འཁྱེར་ནས་སྲིད་དབང་འཛིན་མ་ཐུབ་ན་སྲིད་འཛིན་གཞོན་པར་སྲིད་དབང་རྩིས་སྤྲོད་བྱ་དགོས་པ་རེད།

ད་ལྟའི་བར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁ་རས་མ་གྱོན་པ་དང་ཏོག་དབྱིབས་རིམས་ནད་ནི་ཉེན་ཚབས་ཅན་གྱི་ནད་ཡམས་ཤིག་མ་རེད། དབྱར་གྱི་ཚ་གདུག་ལངས་པའི་རྗེས་སུ་ཏོག་དབྱིབས་རིམས་ནད་ཡལ་འགྲོ་ཡི་རེད་ཅེས་བཤད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་འགྲོ་འོང་བཀག་སྡོམ་བྱས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་རྒྱལ་ཡོངས་ལ་གཅིག་གྱུར་ཚོང་ལས་མཚམས་འཇོག་དང་འགྲིམ་འགྲུལ་བཀག་སྡོམ། ཨ་མི་རི་ཀ་བ་ཚོས་མི་ཚོགས་ཁྲོད་དུ་ཁ་རས་གྱོན་དགོས་པའི་ནན་སྐུལ་བྱས་མེད་པ་རེད། དེ་བཞིན་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཀྱང་ཁ་རས་གཏན་ནས་གྱོན་གྱི་མེད་ཀྱང་སྲིད་འཛིན་གཏན་ཞལ་ཟུང་ལ་ཏོག་དབྱིབས་རིམས་ནད་འགོས་པའི་རྗེས་སུ་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་གློ་བུར་དུ་ཁ་རས་གྱོན་འགོ་ཚུགས། སྲིད་འཛིན་ཌོ་ནལ་ཊམ་སྨན་ཁང་ལ་འབྱོར་བའི་སྐབས་སུ་ཝོལ་ཊར་རི་ཌི་སྨན་ཁང་གི་ཕྱི་ལོགས་སུ་གསར་འགོད་པ་དང་མི་དམངས་རྒྱབ་སྐྱོར་པ་ཚོ་འདུས་འདུག ཉམས་ཞིབ་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་སྨན་ཁང་དུ་ཉིན་འགའ་ཞིག་ལ་སྨན་བཅོས་བྱས་ནས་སྡོད་དགོས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཚོད་ལྟའི་སྨན་གསར་པ་ཞིག་བཏང་ཡོད་པ་དེར་ཕན་གནོད་ཅི་འབྱུང་ཤེས་རྟོགས་མ་བྱུང་བར་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

ད་ལོ་སྲིད་འཛིན་ཌོ་ནལ་ཊམ་དགུང་ལོ་༧༤་ལ་ཕེབས་པ་དང་ལོ་ན་༦༠་ཡན་ཆད་ཀྱི་རྒན་རྒོན་ཚོར་ཏོག་དབྱིབས་ནད་དུག་འགོས་པ་དྲག་སྐྱེད་འབྱུང་རྒྱུ་དཀའ་ངལ་ཆེན་པོ་ཡིན་པས་ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་བདེ་ཐང་ལ་སེམས་ཁུར་དང་འཛམ་གླིང་ཡོངས་སུ་ཨ་རིའི་སྲིད་འཛིན་ལ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱེད་པར་དུས་ཡུན་ཟླ་བ་གཅིག་ལས་མེད་པའི་མཚམས་འདིར་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པས་སྲིད་འཛིན་འོས་འདེམས་དུས་ཐོག་ཏུ་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱི་འོས་འདེམས་ལས་འགུལ་ཁང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་སྐབས་འདིར་བརྙན་འཕྲིན་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་བརྗོད་ཀྱི་འོས་འདེམས་ཁྱབ་བསྒྲགས་སྤེལ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བསྒྲགས། ཨ་རིའི་སྲིད་འཛིན་ཟུར་པ་བྷ་རཀ་ཨོ་བྷ་མས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་ཏོག་ནད་དུག་འགོས་པར་བློ་ཕམ་ཆེན་པོ་ཡོད། ང་ཚོ་འོས་འདེམས་ཀྱི་ཆབ་སྲིད་འཐབ་རྩོད་ཅིག་གི་ཁྲོད་དུ་ཡོད་ཀྱང་ང་དང་མཱི་ཤཱིལ་གཉིས་ཀྱིས་སྲིད་འཛིན་གཏན་ཞལ་ཟུང་མྱུར་དུ་དྲག་བསྐྱེད་འབྱུང་བའི་རེ་བ་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག གལ་སྲིད་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་ཅིག་འདས་གྲོངས་སུ་གྱུར་ན་སྲིད་འཛིན་གཞོན་པས་འཕྲལ་དུ་སྲིད་དབང་འཛིན་རྒྱུ། སྲིད་འཛིན་གཞོན་པར་རྐྱེན་ངན་བར་ཆད་བྱུང་ན་གྲོས་ཚོགས་འོག་མའི་ཚོགས་གཙོས་སྲིད་དབང་འཛིན་དགོས་ཞེས་རྩ་ཁྲིམས་ནང་དུ་གཏན་འབེབས་བྱས་ཡོད་པ་རེད།།

XS
SM
MD
LG