ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨ་རིའི་སྲིད་འཛིན་འོས་བསྡུའི་བགྲོ་གླེང་ཐེངས་དང་པོ།


༄༅།། ཨ་རིའི་སྲིད་འཛིན་གྱི་འོས་འདེམས་བྱེད་པར་ཟླ་བ་གཅིག་ཙམ་ལས་མེད་པའི་དུས་འདིར་གཟའ་མིག་དམར་གྱི་དགོང་མོར་སྲིད་འཛིན་གྱི་འོས་མི་གཉིས་ཏེ། ད་ལྟའི་ལས་ཐོག་ཌོ་ནལ་ཊམ་དང་སྐུ་ཞབས་བྷ་ཌན་གཉིས་མཉམ་དུ་འདུས་ནས་བགྲོ་གླེང་ཐེངས་དང་པོ་གནང་ཡོད་ཅིང་། ཨ་རིའི་སྲིད་འཛིན་གྱི་འོས་འདེམས་ནི་རྒྱུན་དུ་ཨ་རི་དང་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་ལས་དོན་ཧ་ཅང་གི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། ཉམས་ཞིབ་པ་མང་པོས་ལོ་འདིར་ཨ་རིའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས་གང་ཐད་ལ་བལྟས་ཏེ་ཕྱི་ལོ་༢༠༢༠་ལོའི་སྲིད་འཛིན་གྱི་འོས་འདེམས་ནི་དམིགས་བསལ་གྱི་གལ་ཆེན་པོ་ཞིག་ལ་ངོས་འཛིན་གྱི་བྱེད་ཀྱི་ཡོད་པ་རེད།།

འོས་འདེམས་སྐབས་སུ་འོས་གཉིས་ཀྱི་བགྲོ་གླེང་དེས་འོས་འདེམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད་པས་ གཟའ་མིག་དམར་གྱི་དགོང་མོར་ཨ་རིའི་གྲོང་ཁྱེར་ཁེ་ལིབ་ལན་ཌིར་འོས་མི་གཉིས་ཀྱིས་བགྲོ་གླེང་ཐེངས་དང་པོ་གནང་སྟེ་དེང་སྐབས་ཨ་མི་རི་ཀར་འཕྲད་བཞིན་པའི་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཇི་ལྟར་སེལ་དགོས་མིན། དེ་བཞིན་ཨ་རིའི་དཔལ་འབྱོར་སླར་གསོ་དང་རྒྱལ་ནང་གི་མི་རིགས་མཐུན་ལམ་ཡར་རྒྱས་གཏོང་ཕྱོགས་ལ་འོས་མི་གཉིས་ཀྱི་ལངས་ཕྱོགས་དང་བལྟ་ཚུལ་གསུངས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG