ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་གྱི་བགྲོ་གླེང་བརྙན་འཕྲིན་ནང་དུ་བྱས་ཏེ་ལོ་༦༠་འཁོར་བ།


༄༅།། ཕྱི་ལོ་༡༩༦༠་ཐམ་པའི་ལོར་ཨ་རིའི་སྲིད་འཛིན་འོས་མི་ཁེ་ཎི་ཌི་དང་ནིཀ་སན་གཉིས་ཀྱིས་བརྙན་འཕྲིན་ནང་དུ་བགྲོ་གླེང་ཐོག་མ་དེ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨ་རིའི་སྲིད་འཛིན་འོས་མི་ཚོས་བརྙན་ནང་དུ་བགྲོ་གླེང་བྱས་ཡོད་ཅིང་། ད་ལྟ་སྲིད་འཛིན་ཊམ་དང་ཇཱོ་བྷ་ཌན་གཉིས་ཀྱིས་བགྲོ་གླེང་བྱ་འཆར་ཡོད་པ་ནི་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་མི་ཚོས་བརྙན་འཕྲིན་ནང་དུ་བགྲོ་གླེང་བྱས་ནས་ལོ་༦༠་འཁོར་གྱི་ཡོད་པ་རེད། ད་ལོའི་བརྙན་འཕྲིན་བགྲོ་གླེང་སྐབས་སུ་འོས་མི་གཉིས་ཀར་བཀའ་འདྲི་ཞུ་སྲིད་པའི་གནད་དོན་མང་པོ་ཞིག་ཡོད་པའི་གྲས་ཀྱི་གལ་གནད་ཆེ་གྲས་ཤོས་ནི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཇི་ལྟར་བྱ་རྒྱུ་ཡིན་མིན་དང་དཔལ་འབྱོར་ཉམས་རྒུད་ཕྱིན་ཡོད་པ་སླར་གསོ་ཇི་ལྟར་བྱ་རྩིས་ཡོད་མེད། དེ་བཞིན་འཁོར་ཡུག་སྲུང་སྐྱོབ་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་མེད་པར་གཏོང་རྒྱུ་སོགས་ཚུད་ཡོད་པའི་སྐོར། ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG