ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་བྷ་མས་རྒྱ་ནག་དང་ཉི་ཧོང་གི་སྲིད་བློན་རྣམ་པ་དང་ཐུག་འཕྲད་གནང་བ།



ཨ་རིའི་སྲིད་འཛིན་ཨོ་བྷ་མས་ད་རེས་ཤར་ཨཻ་ཤི་ཡའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་ཀྱི་ཚོགས་ཆེན་གྱི་ཞོར་ལ་རྒྱ་ནག་གི་སྲིད་བློན་དབན་་ཅའ་པོ་དང་ཉི་ཧོང་གི་སྲིད་བློན་ཡོ་ཤི་ཧི་ཀོ་ ནོ་ཌ་མཇལ་འཕྲད་གནང་ཡོད་པ་དེ་ནི། རྒྱ་ནག་ནང་འགོ་ཁྲིད་འཕོ་བསྒྱུར་འགྲོ་གཏན་ཡིན་པར་སོང་ད་རེས་ཀྱི་ཐུག་འཕྲད་དེ་ནི་སྐུ་ཞབས་ཨོ་བྷ་མ་དང་དབན་ཅའ་པོ་གཉིས་ཐུག་འཕྲད་གནང་ཐེངས་མཐའ་མ་དེ་ཆགས་རྒྱུ་ཡིན་པ་རེད། སྐུ་ཞབས་ཨོ་བྷ་མས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལེགས་པོར་གནས་པ་བྱེད་རྒྱུ་དེ་ནི་ཨེ་ཤི་ཡ་དང་འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཞི་བདེ་ བརྟན་ལྷིང་བཅས་པར་ཁེ་ཕན་ཡོད་པ་འགྲེལ་བརྗོད་གནང་འདུག་གཞག།་སྐུ་ཞབས་ཨོ་བྷ་མ་དང་ཉི་ཧོང་གི་སྲིད་བློན་གཉིས་གྲོས་མོལ་གནང་བའི་སྐབས་སུ་གཙོ་བོ་འབྲེལ་ཡོད་ཡུལ་གྲུ་གཉིས་ཀྱི་མནའ་སྦྲེལ་ཐད་གོ་བསྡུར་གནང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG