ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཉི་མའི་ཉིན་ཡི་ཤུའི་བླ་ཆེན་སྤོབ་ཕྷི་རན་སིས་ཁ་ཆེའི་མི་འབོར་མང་བའི་ཨལ་བྷེ་ནི་ཡར་སྲུང་སྐྱོབ་ཀྱི་དམ་དྲག་ཤིན་ཏུ་ཆེན་པོའི་འོག་ཕེབས་འབྱོར་གནང་ནས་མང་ཚོགས་ལ་བཀའ་སློབ་གནང་འདུག་པ་དང་། ཁོང་གིས་ཨལ་བྷེ་ནི་ཡའི་ནང་ཆོས་ལུགས་ནང་ཁུལ་མཛའ་མཐུན་ངང་གནས་བཞིན་པ་དེ་ནི་འཛམ་གླིང་ཡོངས་ལ་སེམས་འགུལ་ཐེབས་པའི་དཔེ་མཚོན་ཞིག་ཡིན་པ་དང་། དེས་ཁ་ཆེ་དང་ཡི་ཤུ་གཉིས་མཉམ་གནས་བྱེད་ཐུབ་པ་མ་ཟད། དེས་རྒྱལ་ཁབ་འཛུགས་བསྐྲུན་ལ་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ཅེས་གསུངས་འདུག ཨུ་ཤུའི་བླ་ཆེན་སྤོབ་མཆོག་གིས་ད་རིང་མ་ཐར་ཀྲེ་རེ་ས་ཐང་ཆེན་དུ་མི་མང་སྟོང་ཚོ་མང་པོར་ཆོས་འབྲེལ་གནང་རྒྱུ་ཡིན་པ་རེད།

XS
SM
MD
LG