ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་དོ་ཁུར་དང་རོགས་སྐྱོར།


༄༅།། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་ཏེ་དཀའ་ངལ་ཆེ་བའི་དུས་སྐབས་སུ་ཨ་མི་རི་ཀའི་གཞུང་གིས་འཛམ་གླིང་གི་ས་ཕྱོགས་གང་སར་ལུས་ཡོད་པའི་རང་གི་སྤྱི་དམངས་རྣམས་རང་ཡུལ་དུ་ལེན་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་བཞིན་ཡོད་པ་དང་ཆབས་ཅིག རྒྱལ་ཁབ་གཞན་པ་མང་པོར་འགོས་ནད་འདི་སྔོན་འགོག་བྱ་རྒྱུར་མཐུན་འགྱུར་རོགས་རམ་བྱས་ཡོད་པ་སྟེ། ད་སྔ་ཨ་རིའི་གཞུང་གིས་རྒྱལ་ཁབ་༦༤་ལ་ནད་འགོག་འགྲོ་གྲོན་ཨ་སྒོར་༢༧༤༠༠༠༠༠༠་རོགས་རམས་སྤྲད་ཟིན་པ་ཡིན་ཞེས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕམ་ཕིའོ་ཡིས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG