ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་ནག་གི་སྲིད་ཇུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱད་པར་ཇེ་ཆེ།


༄༅།། ཉེ་བའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་དབུལ་ཕོངས་ཉུང་དུ་གཏོང་ཐབས་བྱས་ཀྱང་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་མི་དམངས་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་འདུག་ཅེས་དབྱེ་ཞིབ་པ་ཚོས་གསལ་སྟོན་བྱས་ཡོད་ཅིང་། འདི་ནི་རྒྱ་གཞུང་གི་སྲིད་ཇུས་ལ་འབྲེལ་བ་ཡོད་པ་སྟེ། མི་དམངས་ལ་ཐོབ་སྐལ་བགོ་འགྲེམ་འདྲ་མཉམ་མེད་པར་ཞིང་ལས་ས་ཁུལ་ཁག་དབུལ་ཕོངས་སུ་འགྱུར་དགོས་པའི་རྐྱེན་རྩ་རེད་ཅེས་བསྟན་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG