རྒྱ་གར་དུ་རྩོད་གཞི་ཅན་གྱི་ཧིན་དྷུའི་ལྷ་ཁང་ཞིག་དབུ་འབྱེད་གནང་རྒྱུ་རེད་འདུག
སྲིད་བློན་ན་རན་ཌ་མོ་དྷིས་རྒྱ་གར་དེ་བཞིན་ཧིན་དྷུའི་རྒྱལ་ཁབ་ཅིག་ཏུ་སྒྱུར་འདོད་ཡོད་པའི་སྐབས་འདིར། ཧིན་དྷུའི་གནས་ཆེན་ཨ་ཡོ་དྷ་ཡ་རུ་ཁ་ཆེའི་ལྷ་ཁང་ཡོད་ས་ཞིག་ཏུ་ཧིན་དྷུའི་ལྷ་རཱམ་གྱི་ལྷ་ཁང་ཞིག་བཞེངས་གྲུབ་སྟེ། རེས་གཟའ་ཟླ་བའི་ཉིན་དབུ་འབྱེད་གནང་གི་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།