ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཕུན་ཚོགས་བསྟན་འཛིན་བྷི་ཇེ་པི་ཚོགས་པའི་ས་གནས་ཚོགས་གཙོར་བསྐོས།


༄༅།། གཟའ་འཁོར་འདིར་རྒྱ་གར་གྱི་རྒྱལ་ཡོངས་བརྙན་འཕྲིན་རྒྱང་སྲིང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་པ་ཕུན་ཚོགས་བསྟན་འཛིན་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལ་དྭགས་ཀྱི་ས་གནས་ཚོགས་གཙོར་བསྐོ་བཞག་བྱས་པ་དང་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཚོགས་གཙོའི་གོ་གནས་ནས་འཕོ་འགྱུར་བཏང་འདུག འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ནི་ལ་དྭགས་ཀྱི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན་ཞིང་། ཁོང་༢༠༢༠་ལོའི་ཕྱི་ཟླ་༧་པར་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ས་གནས་ཀྱི་ཚོགས་གཙོར་བསྐོས། ད་ལྟ་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ས་གནས་ཀྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་ལ་ཕུན་ཚོགས་བསྟན་འཛིན་བསྐོ་བཞག་བྱས་པར་ཚོགས་གཙོ་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་དགའ་བསུ་ཞུས། རྒྱ་གར་གྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨ་རུན་སིང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་འགོ་ཁྲིད་ནཱ་དྷས་སྐུ་ཞབས་ཕུན་ཚོགས་བསྟན་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལ་དྭགས་ས་གནས་ཀྱི་ཡན་ལག་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱས་པ་དང་བཀོད་ཁྱབ་དེ་འཕྲལ་དུ་ལག་ལེན་བསྟར་དགོས་ཞེས་བསྒྲགས།།

སྐུ་ཞབས་ཕུན་ཚོགས་བསྟན་འཛིན་གྱིས་མངའ་སྡེ་རིམ་པའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་སློབ་སྟོན་ལྷན་ཚོགས་ཀྱི་རྒྱུན་ལས་ལྷན་ཁང་གི་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས། ད་ལྟ་འཕོ་འགྱུར་ཕྱིན་པའི་ཚོགས་གཙོ་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་རང་ལ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལ་དྭགས་ས་གནས་ཀྱི་ཚོགས་་པའི་འགོ་ཁྲིད་ཀྱི་གོ་གནས་འཛིན་དུ་བཅུག་པར་རྗེས་སུ་ཡི་རང་ཡོད། ཁོང་གི་ལས་དུས་ཀྱི་རིང་དེར་བྷེ་ཇི་པི་སྲིད་དོན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་ལམ་སྟོན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། སྐུ་ཞབས་ཕུན་ཚོགས་བསྟན་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལ་དྭགས་ཀྱི་ས་གནས་ཚོགས་གཙོར་གསར་དུ་བསྐོ་བཞག་བྱས་པར་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལ་དྭགས་པའི་འཐུས་མི་རིན་ཆེན་ལྷ་མོས་རྒྱ་གར་གྱི་ནང་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ནས་ལ་དྭགས་པའི་ཐོབ་ཐང་རྣམས་རྩ་ཁྲིམས་སུ་བཀོད་ནས་སྲུང་སྐྱོབ་བྱེད་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། ལ་དྭགས་རྒྱ་གར་གྱི་དབུས་གཞུང་གི་ཐད་སྐྱོང་ས་གནས་ཤིག་ལ་བསྒྱུར་པའི་རྗེས་སུ་དཀྲོག་གཏམ་མང་དག་ཅིག་སྒྲོགས་ཀྱིན་འདུག མི་དམངས་ལ་རང་གི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ཉམས་རྒུད། ས་ཞིང་གི་བདག་ཐོབ་འཆོར་སྲིད་པའི་སྐྲག་སྣང་འབྱུང་གི་ཡོད་པར་མ་ཟད། ལ་དྭགས་ཀྱི་ས་གནས་ཁག་ལ་རྒྱ་གར་གྱི་ས་གནས་གཞན་ནས་གཏན་སྡོད་པ་ཇེ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བློ་འཚབ་ཡོང་གི་འདུག་བཤད།།

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་རྒྱལ་ས་གླེ་དང་མཁར་དཀྱིལ་ས་ཁུལ་སོགས་ལ་དྭགས་རྒྱལ་ཡོངས་ཀྱི་མི་མང་གིས་ལས་མཚམས་བཞག་སྟེ་ཚོང་ཁང་རྣམས་སྒོ་བརྒྱབ། སྐབས་དེའི་ལས་བཤོལ་ངོ་རྒོལ་དེར་ལྭ་དྭགས་ཀྱི་སྲིད་དོན་ཚོགས་པ་དང་ཆོས་སྡེ་ཁག རིག་གཞུང་ཚོགས་པ་ཁག་དང་གཞོན་ནུའི་ཚོགས་པ་ཁག་མཉམ་ཞུགས་ཀྱིས་རྒྱ་གར་གཞུང་གིས་ལ་དྭགས་པའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་། ས་ཞིང་གི་བདག་ཐོབ་དང་ལས་ཀའི་གོ་སྐབས་བཅས་ལ་སྲུང་སྐྱོབ་བྱ་དགོས། ལ་དྭགས་ལ་མངའ་སྡེའི་གནས་ཐོབ་སྤྲད་ནས་གྲོས་ཚོགས་གོང་མར་འཐུས་མི་གཅིག་དང་གྲོས་ཚོགས་འོག་མར་འཐུས་མི་གཉིས་ཀྱི་ས་མིག་སྤྲོད་དགོས། གལ་སྲིད་རྒྱ་གར་གཞུང་གིས་ལ་དྭགས་མི་དམངས་ཀྱི་དགོས་འདུན་ཁག་མ་བསྒྲུབས་ན་ཕྱི་ཟླ་གསུམ་པར་དྲོད་བབས་པའི་རྗེས་སུ་སླར་ཡང་ལ་དྭགས་ཀྱི་ས་གནས་ཡོངས་སུ་ལས་བཤོལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལ་དྭགས་པའི་འཐུས་མི་རིན་ཆེན་ལྷ་མོས་རྒྱ་གར་གཞུང་གིས་ལ་དྭགས་པའི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་དགོས་པ་དང་ན་གཞོན་ལ་ལག་ཤེས་བསླབས་ནས་རང་མགོ་འཐོན་དགོས་པའི་གོ་རྟོགས་སྤེལ་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG