ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་ཊོས་ཊོར་དྲྭ་རྒྱར་སིམ་འཛུལ།


༄༅།། ཕྱི་ཟླ་༡་པོའི་ཚེས་༡༨་ཉིན་པེ་ཅིང་དུ་གནས་འཁོད་གསར་འགོད་པ་ཞིག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱི་ཊོས་ཊར་དྲྭ་ལམ་དུ་འབྲེལ་ཐག་ཅིག་བསྐུར་ཡོད་པ་ཁ་ཕྱེ་པའི་རྗེས་སུ་ཊོས་ཊར་དྲྭ་རྒྱའི་ནང་དུ་སིམ་འཛུལ་བྱས་ནས་གནས་ཚུལ་བརྐུས་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཞིང་། དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་གི་སྒེར་གྱི་དྲྭ་རྒྱའི་ནང་དུའང་སིམ་འཛུལ་བྱས་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། དེ་རིང་ཊོས་ཊར་དྲྭ་རྒྱའི་ནང་དུ་སིམ་འཛུལ་བྱུང་བ་ནི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་གཅིག་པུ་མ་ཡིན་པར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཎི་རུ་པ་མ་ར་ཧུ་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་གི་ཊོས་ཊར་དྲྭ་རྒྱའི་ནང་དུའང་སིམ་འཛུལ་བྱུང་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG