ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༥/༡༢

རྒྱ་རིགས་ཤིག་གི་ལྷ་སའི་དངོས་མཐོང་ཟིན་ཐོ།


རྒྱ་རིགས་རང་དབང་རྩོམ་པ་པོ་བོད་ཀྱི་རྒྱལ་ས་ལྷ་སར་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་སྐབས། ལྷ་སའི་ཁུལ་དུ་དམ་དྲག་དང་། འགྱུར་ལྡོག ལྷ་སའི་རྒྱ་རིག་རྣམས་ཀྱིས་སྐད་ཆ་ཤོད་སྟངས་བཅས་དཔེ་དྲངས་ཏེ་བོད་མིའི་གནས་བབས་དངོས་གླེང་བ། ལྷ་ས་གྲོང་ཁྱེར་དང་ལྷག་ པར་དུ་ལྷ་སའི་ཇོ་ཁང་གི་མདུན་ཐང་སོགས་སུ་དྲག་ཆས་སྤྲས་པའི་ཉེན་རྟོག་པས་ཁེངས་པ་སོགས་ཀྱི་དངོས་མཐོང་གི་ལྗོངས་རྒྱུའི་ཟིན་ཐོ་ཞིག་བྲིས་ཡོད། རྒྱ་རིགས་རྩོམ་པ་པོ་འདི་ལྷ་སར་བསྐྱོད་པའི་ཟིན་ཐོ་འདི། ཐོབ་ཐང་ལག་ཁྱེར་མེད་ན་ལྷ་སའི་ནང་དུ་འཛུལ་ཐབས་མེད་པ་དང། ལྷ་སར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མེད་པ། ང་ཚོ་རེད་དམ་ ཁོང་ཚོ་རེད་དམ། ཞིབ་བཤེར་ཁང་དུ་དོན་རྐྱེན་བྱུང་བ། རྟག་བརྟན་གྱི་ཚངས་དབྱངས་རྒྱ་མཚོ། མི་ཡུལ་གྱི་དག་ཞིང་ཞེས་བརྗོད་དོན་གཙོ་བོ་ལྔ་ཡི་ཐོག་ནས་བྲིས་ཡོད་པ་སོགས་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་དོན་བསྒྱུར་བྱས་ཡོད་པར་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG