ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༡/༡༥

པི་སྟོབས་ལྡན་གྱིས་༧གོང་ས་མཆོག་ལ་བཟོད་གསོལ་ཞུས་འདུག


༄༅།། རྒྱ་གར་གྱི་སྲིད་དོན་དབྱེ་ཞིབ་པ་སྟེ། ལ་དྭགས་པ་པི་སྟོབས་ལྡན་གྱིས་བོད་་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚིག་ངན་གྱིས་སྐྱོན་བརྗོད་ཞུས་པར་དད་ལྡན་པ་འབུམ་ཕྲག་མང་པོའི་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་ཞིང་། ལྷག་པར་དུ་ལ་དྭགས་པའི་གྲས་སུ་པི་སྟོབས་ལྡན་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་དོ་བདག་གིས་༧གོང་ས་མཆོག་ལྷ་དགོངས་དྭངས་པ་དང་མགོན་པོ་གང་ཉིད་ལ་དད་གུས་ཞུ་མཁན་དད་ལྡན་པ་རྣམས་ལ་དགོངས་དག་ཞུ་ཡིན་ཞེས་གསར་བསྒྲགས་ཤིག་སྤེལ་འདུག

ཉེ་ཆར་རྒྱ་གར་གྱི་ཨཱ་ཇི་ཏཀ་གསར་འགྱུར་ལས་ཁང་གིས་པི་སྟོབས་ལྡན་ལ་རྒྱ་དཀར་ནག་གི་ས་མཚམས་སུ་འཁྲུགས་འཛིངས་ལངས་ཡོད་པར་བཅར་འདྲི་ཞུས། ཁོང་གིས་རྒྱ་མིའི་མཐའ་མཚམས་སྲུང་དམག་རྣམས་ལ་དྭགས་ཤར་ཕྱོགས་སུ་ཧམ་འཛུལ་བྱས་ནས་ས་ཆ་བཙན་འཛིན་བྱེད་བཞིན་པར་ཏཱ་ལའི་བླ་མས་ཞལ་འདོན་གསུངས་ནས་མ་བཞུགས་པར་བཀའ་མོལ་གསལ་པོ་ཞིག་གནང་དགོས་འདུག ང་ཚོས་ཁོང་ལ་རྡ་རམ་ས་ལར་གཞུང་ཞིག་བཙུགས་བཅུག་པ་རེད། ཁོང་གིས་དེང་སྐབས་རྩོད་གཞི་འབྱུང་སའི་ས་ཆ་དེ་རྣམས་རྒྱ་གར་གྱི་མངའ་ཁོངས་རེད། བོད་ཀྱི་ས་ཆ་མ་རེད་ཅེས་གསལ་པོར་གསུང་དགོས་ཀྱི་འདུག དེ་ལྟར་མ་གནང་ན་ཏཱ་ལའི་བླ་མ་དང་རྒྱ་ནག་གཉིས་མཉམ་འབྲེལ་གྱི་འཆར་གཞི་ཞིག་འགོད་ཀྱི་ཡོད་པའི་དྭོགས་པ་འདུག་ཅེས་ཚོར་ཤུགས་དྲག་པོས་བཤད་པས་པི་སྟོབས་ལྡན་ལ་ཕྱོགས་ཡོངས་ནས་ངོ་རྒོལ་བྱུང་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG