ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

པ་ཀི་སི་ཐན་དང་ཨ་མི་རི་ཀ་མཉམ་འབྲེལ།


པ་ཀི་སི་ཐན་གྱི་ཁ་ཏ་གྲོང་ཁྱེར་དེ་ཉིད་ཏ་ལི་བན་ཤོག་དང་བྷ་ལུ་ཆི་སི་ཐན་གྱི་ཁ་བྲལ་རིང་ལུགས་པ། ད་དུང་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་སོགས་ཀྱིས་ལས་འགུལ་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། བདུན་ཕྲག་སྔོན་མར་པ་ཀི་སི་ཐན་གྱི་བདེ་འཇགས་མི་སྣ་ཚོས་ཁ་ཏ་གྲོང་ཁྱེར་དུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་མཐོ་རིམ་བཀོད་འདོམས་ཤིག་འཛིན་བཟུང་བྱས་པའི་ཁྱབ་བསྒྲགས་བྱས་ཏེ། ཨ་མི་རི་ཀའི་གཞུང་གིས་པ་ཀི་སི་ཐན་ལ་བསྔགས་བརྗོད་བྱས་པ་དང་། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་ཀྱང་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་མཐོ་རིམ་བཀོད་འདོམས་པ་ཞིག་འཛིན་བཟུང་བྱས་ཐུབ་པ་དེ་ནི། ཨ་མི་རི་ཀ་དང་པ་ཀི་སི་ཐན་གྱི་གསང་བའི་ཁང་མཉམ་འབྲེལ་བྱས་པའི་གྲུབ་འབྲས་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

XS
SM
MD
LG