ངོ་འཕྲད་བདེ་བའི་དྲ་འབྲེལ།

པ་ཀི་སི་ཐན་ལ་རང་བཙན་ཐོབ་ནས་ལོ་༧༣་འཁོར་བའི་དགའ་སྟོན།


༄༅།། པ་ཀི་སི་ཐན་ལ་རང་བཙན་ཐོབ་སྟེ་ལོ་༧༣་འཁོར་བའི་དུས་དྲན་ཏེ། དེ་རིང་རེས་གཟའ་པ་སངས་ཉིན་རྒྱལ་ཡོངས་སུ་སྲོལ་རྒྱུན་ལྟར་སྤྲོ་སེམས་རབ་ཏུ་ཁོལ་བའི་ངང་དུ་དགའ་སྟོན་བྱས་ཤིང་། རྒྱལ་ཁབ་དེའི་སྲིད་འཛིན་ཨ་རིབ་ཨལ་ཝྭི་དང་སྲིད་བློན་ཨིམ་རན་ཁན་གཉིས་ཀྱིས་རང་བཙན་དུས་ཆེན་ཉིན་མོར་གསུང་འཕྲིན་གནང་སྟེ་ཕ་མེས་རྣམས་དང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དོན་དུ་འཐབ་རྒོལ། རང་སྲོག་བློས་གཏོང་བྱས་པའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ ཞུས་ཡོད་པའི་སྐོར། གསར་ཤོག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG