ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་རི་ས་བོད་མིའི་གཞིས་ཆགས་ལ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ།


ཉེ་འཆར་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ཤར་ཕྱོགས་ཁུལ་དུ་དྲག་ཆར་རླུང་འཚུབ་ཤུགས་ཆེན་ཞིག་བརྒྱབ་པའི་རྐྱེན་གྱིས་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཤིག་གི་མང་ཚོགས་ཀྱི་སྟོན་འབྲས་ཚང་མ་རྩ་མེད་བཏང་ཡོད་ཅིང་། ད་ལྟ་རང་བྱུང་ཁམས་ཀྱི་གནོད་འཚེ་མྱོང་བའི་རྒྱ་གར་མི་མང་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བརྒྱུད་ནས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་མ་ཟད། རྒྱ་གར་གྱི་མངའ་སྡེར་གཞིས་ཆགས་པའི་ཨོ་རི་ས་ཕུན་ཚོགས་གླིང་གི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཀྱི་གནས་སྟངས་སོགས་ལ་གཞིས་འགོ་ཆོས་ནོར་བསམ་གྲུབ་ལགས་སུ་ཚེ་བརྟན་ཆོས་སྒྲོན་གྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG