ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྐུ་སྒེར་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་སྐུ་གཤེགས་པ།


དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་དགུང་ལོའི་བབ་དང་བར་ལམ་སྐུ་ཁམས་མི་བདེ་བ་བྱུང་བའི་རྐྱེན་གྱིས་ད་རིང་རེས་གཟའ་ཟླ་བའི་སྔ་དྲོ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང་། ཁོང་ནི་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་གདན་ཞུ་གནང་མཁན་་གྱི་ཁོངས་ནས་མཐའ་མ་དེ་ཡིན་པ་མ་ཟད། སྐུ་ཚེ་ཧྲིལ་པོ་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནང་ཞབས་ཞུ་གནང་མཁན་བོད་ཕྱི་ནང་གཉིས་སུ་དགའ་ལྡན་ཕོ་བྲང་བའི་སྲི་ཞུ་བ་བྱས་རྗེས་ཅན་གྱི་མི་སྣ་ཞིག་ཡིན་པ་བཅས་ཀྱི་སྐོར་ལ། རྣམ་རྒྱལ་ཤཱསྟྲིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG