ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

ཉམས་ཞིབ་པ་ཚོས་ཨོ་མི་ཁོ་རོན་ནད་དུག་ཉེན་ཚབས་ཆུང་བ་འདུག་ཟེར།


༄༅།། དབྱིན་ཇིའི་ཚན་རིག་པ་ཚོས་བརྟག་དཔྱད་དང་ཞིབ་འཇུག་ཁག་གཉིས་བྱས་པའི་གྲུབ་འབྲས་ལ་གཞིགས་ཚེ། དེང་སྐབས་འཛམ་གླིང་ཡོངས་སུ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་ཡོད་པ་ནི་ཌལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ལས་ཉེན་ཚབས་ཆུང་བ་ཡིན་པའི་རྟགས་མཚན་འདུག་ཀྱང་ཨོ་མི་ཁོ་རོན་ཁྱབ་གདལ་མྱུར་བ་དང་སྔོན་འགོག་སྨན་ཁབ་ཀྱིས་ཕན་ནུས་ཆུང་བས་མི་ཚོས་དེ་ལ་བསམ་ཞིབ་ཀྱིས་འཛེམ་ཟོན་བྱེད་དགོས་ཞེས་ཉེན་བརྡ་བཏང་འདུག་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG