ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༡༥

༧གོང་ས་མཆོག་གི་ཟླ་བ་དང་པོའི་དྲྭ་ལམ་གྱི་མཛད་འཆར་ཁག་ཕར་འགྱངས།


༄༅།། བཞུགས་སྒར་རྡ་རམ་ས་ལ་ཚུད་པའི་རྒྱ་གར་གྱི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་ཡོད་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༢༠༢༢་ལོའི་ཟླ་༡་ནང་གི་དྲྭ་ལམ་གྱི་མཛད་འཆར་ཁག་གནས་སྐབས་རིང་ཕར་འགྱངས་གགཏོང་རྒྱུ་ཡིན་ཞེས་༧གོང་ས་མཆོག་གི་དྲྭ་ལམ་དུ་བརྒྱུད་བསྒྲགས་གནང་འདུག ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གང་ཅན་སྐྱིད་གཤོངས་དང་བོད་ཀྱི་ཟློས་གར་ཚོགས་པ་སོགས་སྡེ་ཚན་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཐོན་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཕྱི་ཚེས་༡༠་དང་༡༡་གཉིས་ལ་རང་ཁྱིམ་དུ་འཛུལ་ནས་རྒྱང་ལས་བྱ་རྒྱུ་དང་དུས་ཡུན་དེའི་རིང་ལ་ལས་བྱེད་པ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ཟླ་དང་པོའི་ནང་གི་འཛད་འཆར་ཅིག་ནི་མ་ལེ་ཤི་ཡའི་བོད་བརྒྱུད་རིག་གཞུང་ནང་བསྟན་མཐུན་ཚོགས་དང་ཁ་ཆེའི་ལྟ་གྲུབ་དང་འཕེལ་རྒྱས་རིག་པའི་རྒྱལ་སྤྱིའི་བསྟི་གནས་ཁང་། མ་ལེ་ཤི་ཡའི་གཙུག་ལག་སློབ་གཉེར་ཁང་གི་ནང་གསེས་འཇིག་རྟེན་འཕེལ་རྒྱས་རིག་པའི་བསྟི་གནས་ཁང་། མ་ལེ་ཤི་ཡའི་རྒྱལ་སྤྱིའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་། མ་ལེ་ཤི་ཡའི་གནས་བརྟན་སྡེ་པའི་ནང་པའི་ལྷན་ཚོགས། མ་ལེ་ཤི་ཡའི་རྡོ་རྗེ་ཐེག་པའི་ནང་པའི་ལྷན་ཚོགས། ཁ་ཆེའི་སེམས་ཁམས་རིག་པའི་རྒྱལ་སྤྱིའི་སློབ་ཕྲུག་ལྷན་ཚོགས་བཅས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༢༠༢༢་ཀྱི་ཟླ་༡་ཚེས་༡༥་ཉིན་ཁ་ཆེ་དང་ནང་པའི་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་སོགས་གང་ཅིའི་ཐད་དུ་རྒྱུན་སྐྱོང་སྲ་བརྟན་ཡོང་རྒྱུར་ཆོས་དང་ཚན་རིག་གཉིས་ཀྱི་བསླབ་བྱ་ཇི་ལྟར་ལེན་ཚུལ་ཞེས་པའི་བརྗོད་གཞི་ལས་བརྩམས་པའི་ཚོགས་འདུ་དེའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་རྒྱུའི་མཛད་འཆར་གཏན་ཁེལ་ཡོད་མོད། འོན་ཀྱང་ད་ལྟའི་ཆར་མཛད་འཆར་འདི་གཙོས་ཕྱི་ཟླ་དང་པོའི་ནང་གི་༧གོང་ས་མཆོག་གི་དྲྭ་ལམ་གྱི་མཛད་འཆར་ཁག་ནད་ཡམས་སྔོན་འགོག་ཆེད་དུ་གནས་སྐབས་རིང་ཕར་འགྱངས་གནང་ཡོད་པ་རེད། ཉེ་ལམ་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་མངའ་སྡེའི་ནང་དུ་མཚན་མོའི་ཆུ་ཚོད་༡༠་པ་ནས་ཞོགས་པའི་ཆུ་ཚོད་༥་པའི་བར་དུ་མི་རྣམས་རང་ཁྱིམ་ནས་ཕྱི་ལ་འཐོན་མི་ཆོག་པ་དང་། ཆབ་སྲིད་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་འདུ་འཛོམས་ཀྱང་བརྒྱ་ཆ་ལྔ་བཅུ་མ་གཏོགས་སྤེལ་མི་ཆོག་པའི་དམ་དྲག་གི་བཀོད་ཁྱབ་བཏང་འདུག

བཞུགས་སྒར་རྡ་རམ་ས་ལ་ཆགས་ཡུལ་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་སྤྱི་ཁྱབ་སྨན་པས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་སྤེལ་བར་གཞིགས་ན། ཀང་ར་རྫོང་དུ་༢༠༢༢་ལོའི་ཟླ་༡་ཚེས་བརྒྱད་དེ། རེས་གཟའ་སྤེན་པའི་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༡༩་ཐོན་ཡོད་པ་དང་སྨན་བཅོས་བྱེད་བཞིན་པ་༩༢༥་ཡོད་ཅེས་འགྲེལ་བརྗོད་གནང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG