ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་ཚོཊ་པས་བོད་དོན་གླེང་སློང་།


༄༅། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་དེ་རྒྱ་ནག་ལ་འཚོགས་རྒྱུའི་ཐག་གཅོད་བྱས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མུས་ཡིན་ཞིང་། ཉེ་དུས་ཡུ་རོབ་ཀྱི་བོད་དོན་ཚོགས་པ་བཞིས་ཨོ་ལིམ་ཕིཀ་ལྷན་ཚོགས་ཀྱི་ཐག་གཅོད་ལ་སྐྱོན་བརྗོད་བྱས་པར་མ་ཟད། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་ཚོགས་པ་ལའང་ཞུ་གཏུགས་བྱས་ཡོད་པ་རེད། ཚོགས་པ་དེས་བོད་དོན་ཚོགས་པ་ཁག་གིས་ཞུ་གཏུགས་ལ་བདག་སྤྲོད་བྱས་པ་དང་ཆབས་ཅིག ཨོ་ལིམ་ཕིཀ་ལྷན་ཚོགས་དང་བོད་དོན་ཚོགས་པ་ཁག་ལ་བར་འདུམ་བྱ་རྒྱུའི་མོས་མཐུན་གནང་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་པ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG