ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཧུ་ཅིན་ཐའོ་ཡི་རྒྱལ་དོན་འཚམས་འདྲི་ལ་ཨོ་བྷ་མས་སྣེ་ལེན་གཟབ་རྒྱས།


ཧུ་ཅིན་ཐའོ་ཡི་རྒྱལ་དོན་འཚམས་འདྲི་ལ་ཨོ་བྷ་མས་སྣེ་ལེན་གཟབ་རྒྱས།
ཧུ་ཅིན་ཐའོ་ཡི་རྒྱལ་དོན་འཚམས་འདྲི་ལ་ཨོ་བྷ་མས་སྣེ་ལེན་གཟབ་རྒྱས།

རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དེ་ནི། ལོ་ངོ་༡༣་གྱི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིག་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་ཐེངས་དང་པོ་ཡིན་པ་དང་། མདང་དགོང་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་ཧུ་ཅིན་ཐའོ་ལ་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀ་ལངས་ཕྱོགས་ཐ་དད་ཡིན་པ་གསལ་བོ་བསྟན་ཡོད་པ་དང་། དཔེར་ན་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ཨོ་བྷ་མས་ཧུ་ཅིན་ཐའོ་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG