ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨབ་གྷ་ཎི་སི་ཐན་གྱི་ཨ་རིའི་དམག་གི་འཐབ་འཁྲུག་སྲིད་ཇུས་སྒྱུར་བཅོས།


༢༠༠༡་གི་ཕྱི་ཟླ་༩་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་ཏེ། ཎིའུ་ཡོཀ་གྲོང་ཁྱེར་དང་རྒྱལ་ས་ཝ་ཤིང་ཊོན་སོགས་སུ་ཨ་མི་རི་ཀ་བ་སྟོང་ཕྲག་༣་ལྷག་ལ་བསད་ཡོད་ཅིང་། ལོ་དེའི་ཕྱི་ཟླ་༡༡་པ་ནས་ཨ་མི་རི་ཀས་དམག་བརྒྱབ་ནས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་གཞུང་འཛིན་ཤོག་ཁག་མགོ་རྟིང་སློག་པ་དང་རྒྱལ་ཁབ་དེའི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པ་ཚོ་མཐར་སྐྲོད། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་དམངས་གཙོའི་སྲིད་གཞུང་གསར་པ་ཞིག་བཙུགས་ནས་རྒྱལ་ཁབ་དེའི་དཔལ་འབྱོར་དང་སྤྱི་ཚོགས། ཤེས་ཡོན་སློབ་གསོ་རྣམས་ལེགས་བཅོས་གཏོང་རྒྱུའི་ལས་གཞི་ཁག་མགོ་བརྩམས་ཏེ། འདས་པའི་ལོ་༡༣་གྱི་རིང་ལ་ཨ་མི་རི་ཀ་གཙོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་གིས་ཨབ་གྷ་ཎི་སི་ཐན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་མོད། འོན་ཀྱང་༢༠༡༤་ནས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་བརྒྱ་ཆ་༧༠་ལྷག་ཕྱིར་འཐེན་བྱས་པ་དང་། ད་ལྟ་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་གྱེན་ལོག་ཤོག་སླར་ཡང་རོ་ལངས་རྒྱག་གི་ཡོད་པས། སྲིད་འཛིན་ཨོ་བྷ་མས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་གི་འཐབ་རྒོལ་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ད་ནས་ཨ་མི་རི་ཀའི་དམག་གིས་ཨབ་གྷ་ཎི་སི་ཐན་གྱི་གཞུང་དམག་ལ་སྦྱོར་བརྡར་སྤྲོད་རྒྱུ་གཅིག་པུ་མིན། ཨ་མི་རི་ཀའི་དམག་གིས་ཨབ་གྷ་ཎི་སི་ཐན་གྱི་དམག་ལ་རྒྱབ་སྐྱོར་དང་མཉམ་འབྲེལ། སྐབས་འགར་ཨ་མི་རི་ཀའི་དམག་ཀྱང་འཐབ་འཁྲུག་ལ་མཉམ་ཞུགས་བྱ་དགོས་ཞེས་དམག་འཐབ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་འདུག

XS
SM
MD
LG