ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༠/༠༢

ཨཽ་བྷ་མ་ཡིས་ཨེ་ཤི་ཡེའི་མི་རིགས་ཡིན་པའི་ཨ་རི་བ་ནི་རྒྱལ་ཁབ་འདིའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད་ཅེས་གསུངས།


ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མི་རྒྱུད་ཨ་མི་རི་ཀ་བ་རྣམས་ཀྱི་མཐུན་ཚོགས་ཤིག་གིས་གོ་སྒྲིག་བྱས་པའི་དགོང་དྲོའི་གསོལ་སྟོན་ཞིག་གི་ཐོག་ སྲིད་འཛིན་བྷ་རག་ཨཽ་བྷ་མ་མཆོག་གིས་ འཕྲོད་སྟེན་ལྟ་སྐྱོང་དང་ ཤེས་ཡོན་སློབ་གསོའི་ཐོབ་ཐང་ དེ་བཞིན་ ཕྱི་མི་གཞིས་ཆགས་བཅས་ཚུད་པའི་གནད་དོན་རྒྱ་ཆེའི་ཐད་གཏམ་བཤད་གནང་ཡོད་ཅིང་ སྐབས་དེར་སྲིད་འཛིན་མཆོག་གིས་དེར་འདུས་པའི་ཨེ་ཤི་ཡེའི་མི་རྒྱུད་ཡིན་པའི་ཨ་མི་རི་ཀ་བ་དེ་རྣམས་ལ་ ཁྱེད་ཚོ་ནི་ རྒྱལ་ཁབ་འདིའི་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་དང་འབྲེལ་ རྒྱལ་ཁབ་འདིའི་ནང་ ཁ་ཆེ་དང་ སིག་ ཨེ་རབ་ དེ་བཞིན་ ལྷོ་ཨེ་ཤི་ཡེའི་མི་རིགས་བཅས་ལ་ གཞན་གྱིས་འཐེན་འཁྱེར་འཁོན་འཛིན་བྱེད་པའི་གནས་ཚུལ་བྱུང་བའི་སྐབས་ ཁྱེད་རྣམས་ཀྱིས་དེ་ཚོ་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱས་ཏེ་ འཐེན་འཁྱེར་དང་བརྙས་བཅོས་ཕོག་མཁན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་པའི་གནས་ཚུལ་བྱུང་ཡོད་པ་དེ་ཚོ་ནི་ རྗེས་སུ་ཡིད་རང་དང་ སྔག་བརྗོད་འོས་པ་ཞིག་ཡིན་ཞིང་ ཕྱིན་འབྱུང་ཡང་འཐེན་འཁྱེར་གྱི་བྱ་སྤྱོད་དེའི་རིགས་ལ་ངོ་རྒོལ་མཐའ་ཅིག་ཏུ་བྱེད་དགོས་པ་ཡིན་ཞེས་ནན་བསྐུལ་གནང་ཡོད་པ་རེད།

XS
SM
MD
LG