ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཨོ་བྷ་མས་ཝིཏ་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་གཏམ་བཤད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝིཏ་ནམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཝིཏ་ནམ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ། ཝིཏ་ནམ་གྱི་མི་དམངས་དཀྱུས་མ་བཅས་ལ་ཐུག་འཕྲད་བྱས་ཡོད་ཅིང་། དེ་རིང་ཕྱི་ཟླ་༥་ཚེས་༢༤་ཉིན་སྲིད་འཛིན་ཨོ་བྷ་མས་ཧ་ནོ་ཡེ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཚོགས་ཁང་ཆེན་མོར་གཏམ་བཤད་བྱས་ཏེ། ཁོང་གིས་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་རང་དབང་རྣམས་ཝིཏ་ནམ་གྱི་རྩ་ཁྲིམས་སུ་བཀོད་ཡོད། ད་ལྟ་ཝིཏ་ནམ་གྱི་ཆབ་སྲིད་ལམ་ལུགས་ཀྱང་སྒོ་འབྱེད་བྱ་དགོས། ཝིཏ་ནམ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་ཚོ་གཅིག་པུར་མ་ཡིན་པར་མི་དམངས་ཀྱང་རྒྱལ་ཁབ་ཀྱི་སྲིད་འཛིན་སྐྱོང་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས་པ་དང་། ངས་བལྟས་ན་ཝིཏ་ནམ་གྱི་རྩ་ཁྲིམས་སུ་བཀོད་པའི་རང་དབང་གི་ཐོབ་ཐང་དེ་ཚོར་བརྩི་འཇོག་བྱས་ན་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་ལ་ཉེན་ཀ་གང་ཡང་འབྱུང་མི་སྲིད་བཤད་མོད། འོན་ཀྱང་ཝིཏ་ནམ་གྱི་སྲིད་དོན་ལྟ་བ་མི་མཐུན་པ་ཁག་ཅིག་སྲིད་འཛིན་ཨ་བྷ་མར་གཏམ་བཤད་ཀྱི་གོང་དུ་ཐུག་འཕྲད་བྱ་འཆར་ཡོད་པར་བཀག་འགོག་བྱས་ཡོད་པ་དང་། ཕྱིས་སུ་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གཞུང་ཚབ་ཁང་དུ་ཝིཏ་ནམ་གྱི་སྲིད་དོན་ལྟ་བ་མི་མཐུན་པ་ཚོར་ཐུག་འཕྲད་བྱས་ནས་བཀའ་མོལ་ལྷུག་པོ་གནང་ཡོད་པ་རེད།།

XS
SM
MD
LG