ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨོ་བྷ་མ་ཉི་ཧོང་གི་ཧི་རོ་ཤི་མར་ཕེབས་ནས་གཏམ་བཤད་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཟའ་པ་སངས་ཉིན་མོར་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེའི་ལྷན་དུ་ཧི་རོ་ཤི་མ་གྲོང་ཁྱེར་དུ་ལོ་རྒྱུས་རང་བཞིན་ལྡན་པའི་གཟིགས་སྐོར་ལ་ཕེབས་ཏེ། ལོ་༧༡་གོང་གི་༡༩༤༥་ལོའི་ཕྱི་ཟླ་༨་པའི་ཚེས་༦་ཉིན་ཨ་མི་རི་ཀས་རྡུལ་ཕྲན་འབར་མདེལ་ཐེངས་དང་པོ་རྒྱག་ཡུལ་གྱི་ཉི་ཧོང་གི་གྲོང་ཁྱེར་དེའི་མི་མང་འདས་པོ་རྣམས་ལ་མྱ་ངན་ཞུས་ཡོད་ཅིང་། འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་ཏུ་བསྒྱུར་དགོས་པའི་གཏམ་བཤད་གནང་བ་དང་། སྲིད་འཛིན་ཨོ་བྷ་མ་ནི་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་ཧི་རོ་ཤི་མ་གྲོང་ཁྱེར་ལ་ཕེབས་མཁན་དང་པོ་ཡིན་པ་མ་ཟད། ཉི་ཧོང་ཡང་མིའི་རིགས་ཀྱི་ལོ་རྒྱུས་སུ་རྡུལ་ཕྲན་འབར་མདེལ་གྱི་གཏོར་རྒོལ་ཕོག་ཡུལ་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་པ་རེད།།

XS
SM
MD
LG