ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨོ་བྷ་མ་དང་མེག་སི་ཀོའི་མཚོ་ཁུག་གི་རྡོ་སྣུམ།


ཨོ་བྷ་མ་དང་མེག་སི་ཀོའི་མཚོ་ཁུག་གི་རྡོ་སྣུམ།
ཨོ་བྷ་མ་དང་མེག་སི་ཀོའི་མཚོ་ཁུག་གི་རྡོ་སྣུམ།

དབྱིན་ཇིའི་བི་ཕི་རྡོ་སྣུམ་བཟོ་ཚོང་ཁང་གིས་མེག་སི་ཀོའི་མཚོ་ཁུག་ཏུ་རྡོ་སྣུམ་སྔོག་འདོན་བྱེད་ཀྱི་ཡོད་པ་དང༌། ཉེ་ཆར་སྣུམ་གཏེར་དེའི་རྡོ་སྣུམ་ལྕགས་སྦུགས་ལ་གས་སྐྱོན་བྱུང་ནས་རྡོ་སྣུམ་ལྕགས་ཟོམ་ས་ཡ་མང་པོ་མཚོ་ནང་དུ་ཕྱུར་ཏེ། ཨ་མི་རི་ཀའི་ལྷོ་ཕྱོགས་ཀྱི་མཚོ་ཁའི་ས་གནས་ཁག་གི་མི་དམངས་ལ་དཀའ་ཚེགས་དང་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཆེན་ཕོག་ཡོད་ཅིང༌། ད་ཆ་མཚོ་ནང་དུ་ཕྱུར་གྱི་ཡོད་པའི་རྡོ་སྣུམ་དེ་ཚོ་བཀག་ཐུབ་ཙམ་བྱུང་ཡོད་པའི་གསལ་བསྒྲགས་སྤེལ་པ་དེར་སྲིད་འཛིན་ཨོ་བྷ་མས་དགའ་སུ་ཞུས་པ་དང༌། ཁོང་གིས་གསར་འགྱུར་དེ་གཏམ་བཟང་དང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།།

XS
SM
MD
LG