ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་བྷ་མ་དང་ཨི་ཇེབ།


ཨོ་བྷ་མ་དང་ཨི་ཇེབ།
ཨོ་བྷ་མ་དང་ཨི་ཇེབ།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཁ་སང་གཟའ་ཕུར་བུའི་ཉིན་དུས་ཡུན་ཐུང་ཐུང་ཞིག་ལ་ཕེན་སིལ་ཝེ་ཎི་ཡར་གཟིགས་ཞིབ་ལ་ཕེབས་ཏེ། ཁོང་ཕོ་བྲང་དཀར་པོར་ཕྱིར་ལོག་བྱས་མ་ཐག་ཏུ་རང་གི་སློབ་སྟོན་པ་ཚོར་ཨི་ཇེབ་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་པ་དང་། ཨ་མེ་རི་ཀའི་ངོས་ནས་ཨི་ཇེབ་ཀྱི་གཞུང་དང་རྒྱལ་ཁབ་དེའི་དམག་གིས་མི་མང་ལ་དྲག་གནོན་མི་བྱེད་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཇེ་ཆེར་བཏང་ཡོད་པའི་སྐོར། འདི་ཀ་རླུང་འཕྲིན་ཁང་གི་ཕོ་བྲང་དཀར་པོའི་གསར་འགོད་པ་ཌན་རོ་བིན་སེན་གྱིས་བཏང་ཡོང་བའི་གནས་ཚུལ ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG