ཨ་མི་རི་ཀའི་སྲིད་འཛིན་ཨོ་རྦ་མ་མཆོག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་གི་ཐད་རྩོད་གླེང་བྱ་ཡུལ་མཚོ་གླིང་དེ་དག་ཉི་ཧོང་དང་། ཨ་མི་རི་ཀ་གཉིས་མཐུན་མོང་གིས་སྲུང་སྐྱོབ་བྱེད་རྒྱུའི་གྲོས་མཐུན་དེའི་ནང་ཚུད་ཡོད་པའི་ཆ་ནས་ ཉི་ཧོང་གི་ཁྱབ་ཁོངས་མཚོ་གླིང་དེ་དག་ལ་རྒྱལ་ཁབ་གང་ཞིག་གིས་གནོད་ཚེ་དོ་ཕོག་གཏོང་བ་ཡིན་ཚེ། ཨ་མི་རི་ཀར་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ཡོད་ཅེས་གསུངས་ཡོད་པ་དེར་་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་གྱི་ཡོད་པའི་སྐོར་། འདི་གའི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།