ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ནང་ཉིན་གསུམ་རིང་གི་རྒྱལ་དོན་མཚམས་གཟིགས་ཀྱི་ཉིན་ཐ་མའི་སྐབས་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་ལྷན་ཡུལ་གཉིསཕན་ཚུན་གཞུང་འབྲེལ་གྱི་གྲོས་མོལ་གནང་རྒྱུ་ཐེ་པའི་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ལྷན་འཛོམས་ཐོགས་གསུང་བཤད་གནང་རྒྱུ་ཡིན་པ་དང་ དེའི་གོང་ཡུལ་གྱི་གྲོང་ཁྱེར་མུམ་བྷའི་ནང་སློབ་ཕྲུག་ཚོའི་ཉམས་གྲོང་བརྡལ་ཚོགས་ཁང་གི་ཚོགས་འདུ་ལྟ་བུ་ཞིག་གི་ཐོག་སྲིད་འཛིན་ཨོ་བྷ་མས་པ་ཀི་སེ་ཏན་སྐོར་འགྲེལ་བརྗོད་གནང་བ་དེ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གླེང་སློང་མང་དག་ཅིག་བྱེད་ཀྱི་ཡོད་པའི་སྐོར་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་ཕོ་བྲང་དཀར་པོའི་གསར་འགོད་པ་གཙོ་བོ རྡན་རོ་བིན་སན་གྱིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG