ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྱང་ཀོ་རི་ཡར་གྲོས་མོལ་འཕྲོ་སྐྱོང་བྱེད་འདོད་ཡོད་སྐད།


བྱང་ཀོ་རི་ཡའི་གཞུང་གིས་ཕྱི་ཟླ་༩་པ་འདིའི་ཟླ་མཇུག་ཏུ་ཨ་མི་རི་ཀར་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་གི་རྩོད་གཞིའི་ཐད་ལ་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱ་འདོད་ཡོད་ཅེས་གཟའ་ཟླ་བའི་ཕྱི་དྲོར་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པས་གསལ་བསྒྲགས་སྤེལ་ཡོད་པ་རེད། འདི་ནི་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡར་བསྐྱར་དུ་གྲོས་མོལ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྐབས་དེར་བྱུང་བ་ཞིག་ཡིན་མོད། འོན་ཀྱང་བྱང་ཀོ་རི་ཡས་གསལ་བསྒྲགས་དེ་ལྟར་བྱས་ནས་ཆུ་ཚོད་ཁ་ཤས་རྗེས་སུ་རྒྱང་འཕེན་མེ་ཤུགས་འཕུར་མདེའ་གཉིས་འཕངས་ཡོད་པས་དབྱེ་ཞིབ་པ་ཚོས་བྱང་ཀོ་རི་ཡའི་བྱེད་སྟངས་ལ་ཚོད་དཔག་འདྲ་མིན་ཞིག་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་ཁག་ལ་གནས་ཚུལ་ཐོན་པ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG