ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་འགྲེམ་འཇོག


ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་གྱིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཁག་ཅིག་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅིང་། ཀོ་རི་ཡའི་ཕྱེད་གླིང་གི་ཤར་ཕྱོགས་རྣམས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་རྒོལ་རྡུང་འོག་ཏུ་ཚུད་སྲིད་པའི་ཉེན་ཀ་འབྱུང་སྲིད་ཀྱང་། ང་ཚོས་བྱང་ཀོ་རི་ཡར་ཕར་རྒོལ་མ་བྱས་པར་ཁོ་ཚོས་སྔོན་ལ་མེ་ཤུགས་འཕུར་མདའ་བརྒྱབ་ནས་ཚུར་རྒོལ་བྱ་མི་ཕོད། རྩ་བའི་བྱང་ཀོ་རི་ཡར་ཨ་མི་རི་ཀའི་སྐམ་ས་ཆེན་མོར་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་ཡོད་ཀྱང་འཕུར་མདའི་རྩེ་མོར་རྡུལ་ཕྲན་གྱི་འབར་མདེལ་བསྐྱོན་ཐུབ་པའི་འཕྲུལ་རིག་ལག་རྩལ་ཡོད་མེད་ཐེ་ཚོམ་ཡིན་པ་དང་། ད་ལྟ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཁག་ཅིག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ཅི་ཡིན་གསལ་བོ་བཤད་མི་ཐུབ་པས་ཁོ་ཚོས་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱེད་ཀྱི་ཡོད་པ་ཡིན་ནམ། ཡང་ན་དམག་སྦྱོང་ཞིག་གི་ཆེད་དུ་མེ་ཤུགས་འཕུར་མདའ་དེ་ཚོ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་ཡིན་སྲིད་ཅེས་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་ཚོར་སྙན་གསེང་ཞུས་ཡོད་པ་རེད།།
please wait

No media source currently available

0:00 0:03:45 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG