ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡས་བྷི་བྷི་སིའི་གསར་འགོད་པ་ཕྱིར་ཕུད་དང་ཚོགས་ཆེན་རྒྱུན་སྐྱོང་།


དེང་སྐབས་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་ཏེ། བྱང་ཀོ་རི་ཡའི་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱ་སྐོར་ཞིག་གདན་འདྲེན་ཞུས་ཡོད་ཅིང་། གསར་འགོད་པ་དེ་དག་གི་གྲས་སུ་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པའང་ཡོད་མོད། ཡིན་ནའང་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་ཆེན་གོང་དེར་རྒྱལ་སྤྱིའི་ཎོ་བེལ་གཟེགས་རྟགས་བཞེས་མཁན་ཁག་ཅིག གདན་འདྲེན་ཞུས་ཏེ། ཁོང་ཚོར་བྱང་ཀོ་རི་ཡའི་སྨན་ཁང་ཁག་དང་ཀི་མིལ་སུང་སློབ་ཆེན། རྒྱལ་ས་ཕིང་དབྱང་མི་དམངས་སྤྱི་གླིང་སོགས་ལ་གཟིགས་ཞིབ་བྱེད་དུ་བཅུག་འདུག རྒྱལ་སྤྱིའི་ཎོ་བེལ་གཟེགས་རྟགས་བཞེས་མཁན་ཚོའི་མཉམ་དུ་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཝིང་ཧྥིལ་ཌི་ཧ་ཡེ་སི་ཡོད་པ་མ་ཟད། ཁོང་གིས་འདས་པའི་ཉིན་ཤས་རིང་བྱང་ཀོ་རི་ཡ་ནས་གསར་འགྱུར་སྤེལ་པ་དང་། ཕྱི་ཟླ་༥་ཚེས་༦་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་ཝིང་ཧྤིལ་ལི་ཧ་ཡེ་སི་རང་ཡུལ་ལ་ཕྱིར་སློག་བྱ་འཆར་ཡོད་ཀྱང་། ཁོང་ཕིང་དབྱང་གནམ་ཐང་དུ་བཀག་ཉར་བྱས་ནས་འདྲི་གཅོད་བྱས་པ་དང་། དེ་རིང་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་གཞུང་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཝིང་ཧྥིལ་ཌི་ཧེ་ཡེ་སི་བྱང་ཀོ་རི་ཡ་ནས་ཕྱིར་ཕུད་བཏང་སྟེ། ཁོ་པ་ནམ་ཡང་བྱང་ཀོ་རི་ཡར་བསྐྱར་དུ་ཡོང་མི་ཆོག་ཅེས་ཐག་གཅོད་བྱས་འདུག

XS
SM
MD
LG