ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
རྔ་བ་ཁུལ་གྱི་འབར་ཁམས་ས་གནས་སུ་ཆུ་ལོག་གི་གནོད་འཚེ།
༡༥།༠༦།༢༠༢༠
རྔ་བ་ཁུལ་གྱི་འབར་ཁམས་ས་གནས་སུ་ཆུ་ལོག་གི་གནོད་འཚེ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། དེང་སྐབས་རྒྱ་གཞུང་གིས་དབྱེ་བགོ་བྱེད་ཡོད་པའི་སི་ཁྲོན་ཞིང་ཆེན། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འབར་ཁམས་ས་གནས་སུ་ཆུ་ལོག་བརྒྱུགས་ཏེ་གཞུང་ལམ་དང་ཟམ་པ་སོགས་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་འདོན་བྱེད་འདོད་མེད་པའི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཕྱི་ཟླ་༦་པའི་ཚེས་༡༣་ཉིན་གྱི་དགོང་མོར་རྔ་བ་ཁུལ་གྱི་འབར་ཁམས་ས་གནས་སུ་ཆར་ཞོད་ཆེན་པོ་བྱུང་སྟེ་ཆུ་ལོག་བརྒྱུགས་པས་རྒྱ་ལམ་དང་ཟམ་པ་ཁག་ལ་གས་སྲུབས་བྱུང་བ་ཡོད་པ་སྟེ། རྔ་བ་རྫོང་ནས་འབར་ཁམས་ཁུལ་དུ་བསྐྱོད་ས་དང་ཆུ་ཆེན་རྫོང་དུ་བསྐྱོད་ས་། ད་དུང་འཛམ་ཐང་ཕྱོགས་སུ་བསྐྱོད་ས་བཅས་ལ་ཆུ་ལོག་བརྒྱུགས། ལྷག་པར་དུ་ཕྱི་ཚེས་༡༤་དགོང་མོར་ཆུ་ལོག་གིས་ཟམ་པ་མང་པོ་ཞིག་བརྡིབས་ནས་རླངས་འཁོར་གྱི་འགྲིམ་འགྲུལ་འགགས་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་ཕྱི་ཚེས་༡༥་ཉིན་རླུང་འཁོར་ཆུང་བའི་རིགས་ཡར་མར་བསྐྱོད་ཐུབ་པ་ཙམ་གྱི་རྒྱ་ལམ་དང་ཟམ་པ་རྣམས་བསྐྱར་གསོ་བྱུང་འདུག སྤྱིར་ཆུ་ལོག་བརྒྱུགས་ཡུལ་ལྟེ་བ་ནི་འབར་ཁམས་ཁུལ་ཡིན་རུང་ཉེ་འཁོར་གྱི་མི་མང་གི་ཁང་པ་མང་པོ་ཞིག་ལ་གས་སྲུབས་ཤོར་དུ་བཅུག་ཡོད་ཅིང་། ད་སྔ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་བྱུང་ཡོད་མེད་རྩད་གཅོད་གསལ་པོ་ཞིག་མི་ཐུབ་མོད། འོན་ཀྱང་རྒྱ་གཞུང་གི་ལམ་བཟོ་བ་དང་ཉེན་རྟོག་རུ་ཁག་གིས་འགྲུལ་བཞུད་བྱེད་མཁན་ཚོར་རོགས་རམ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།
ས་བརྐོ་རྡོ་སློག་གི་འཕྲུལ་ཆས་ཁག་གིས་གཞུང་ལམ་དང་ཟམ་པ་ཆད་ཡོད་ས་ཁག་ཏུ་གནས་སྐབས་རིང་རླངས་འཁོར་ཆེ་ཆུང་རྣམས་འགྲུལ་བཞུད་བྱེད་ཐུབ་པའི་ལམ་ཞིག་བཟོ་བཞིན་པའི་སྒང་རེད་། ལོ་ལྟར་ས་གནས་དེར་ཆུ་ལོག་གི་གནོད་འཚེ་འབྱུང་གི་ཡོད་པ་དང་ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ནི་ཆར་ཤུགས་ཆེ་བའི་དབང་གིས་ཆུ་ལོག་བརྒྱུགས་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་པའི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
རྔ་བ་ཁུལ་གྱི་འབར་ཁམས་ས་གནས་སུ་ཆུ་ལོག་གི་གནོད་འཚེ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:02:53
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་མང་པོ་འབྱོར་བཞིན་པ།
རྒྱ་གཞུང་གི་ཉེན་རྟོག་པའི་གྲས་སུ་བོད་པ་ཚུད་མི་ཐུབ་པ་བཟོ་ཐབས།
XS
SM
MD
LG