ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་མང་པོ་འབྱོར་བཞིན་པ།
༡༢།༠༦།༢༠༢༠
བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་མང་པོ་འབྱོར་བཞིན་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། ཕྱི་ཟླ་༦་པའི་ཚེས་༥་ནས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་དམག་མི་མང་པོ་ཞིག་འབྱོར་བཞིན་ཡོད་པ་དང་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་དང་འདྲ་པར་བཅས་པ་བཏང་འབྱོར་བྱུང་བར་གཞིགས་ན་རྒྱ་ནག་ནས་དམག་མི་མང་པོ་ཞིག་ལྷ་སའི་མེ་འབོར་འབབ་ཚུགས་སུ་འབྱོར་འདུག མེ་འཁོར་འབབ་ཚུགས་ཀྱི་སྒོ་རྟགས་ཨང་༡༡་པ་དང་༡༢་པ། ཆེད་མངགས་དམག་མིའི་འགྲོ་ལམ་བཟོས་པ་ཡིན་རུང་མི་མང་དཀྱུས་མ་རྣམས་འཛུལ་སྒོ་དེ་དག་གི་ནང་དུ་འཛུལ་ཆོག་གི་མེད་པ་རེད། རྒྱ་ནག་ནས་ཡོང་བའི་དམག་མི་རྣམས་སྔོན་ཆད་ལྷ་སའི་གཙང་ཆུའི་འགྲམ་དུ་དམག་གི་མཐོ་སློབ་ཞིག་ཡོད་པ་དམག་མིའི་སྣེ་ལེན་ཁང་ལ་བསྒྱུར་ཡོད་པ་དེར་ཁྲིད་འདུག
གསར་འགྱུར་མཁོ་སྤྲོད་པས་དམག་མིའི་སྣེ་ལེན་ཁང་དེ་ནི་༢༠༡༩་ལོར་གསར་དུ་སྒོ་ཕྱེ་པ་དང་ལྷ་ལྡན་གཙུག་ལག་ཁང་གི་གཡས་ཕྱོགས་ནས་སྤྱི་ལེ་༡༢་ཀྱི་མཚམས་སུ་ཡོད་པ་རེད། སྣེ་ལེན་ཁང་དེར་རྒྱ་ནག་གི་ས་ཁུལ་གཞན་ནས་འབྱོར་བའི་དམག་མི་ཚོས་ཐོ་འགོད་དང་གནས་སྡོད་བྱ་ཡུལ་ཞིག་རེད། ད་རེས་རྒྱ་ནག་ནས་ལྷ་སའི་དམག་མིའི་སྣེ་ལེན་ཁང་དུ་དམག་མི་གསར་པ་འབྱོར་བ་རྣམས་གཞིས་ཀ་རྩེ་དང་ལྷོ་བྲག་ཕྱོགས་སུ་གཏང་འཆར་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་སོང་ཞེས་བཤད་འདུག
ཁོང་གིས་མུ་མཐུད་དུ་ད་ལོ་དང་ན་ནིང་གཉིས་ལ་རྒྱ་དཀར་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གླེང་བྱུང་བ་དེ་ལ་བསྟུན་ནས་དམག་མི་ཧ་ཅང་མང་པོ་ཞིག་བོད་རང་སྐྱོང་ལྗོངས་སུ་གཏོང་གི་འདུག རྒྱ་ནག་གི་ཚོགས་ཆེན་གཉིས་ཚོགས་ནས་བཟུང་སྟེ་དམག་མི་ཡར་རྒྱས་གཏང་གི་ཡིན་ཞེས་བཤད་ཀྱིན་འདུག རྒྱ་ནག་གཞུང་གིས་༢༠༢༠་ལོའི་མགོ་སྟོད་ནས་ལྷ་སའི་ཉེ་འགྲམ་དུ་ཡོད་པའི་ཀྲུང་ཏུའུ་དམག་སྒར་ཞེས་པ་དེར་རྒྱ་ནག་གི་གྲོང་ཁྱེར་ཁག་༢༠་ཡས་མས་ནས་དམག་མི་༢༥༠༠༠༠་ཙམ་བཏང་སྟེ་བོད་ཁུལ་ལ་སྔར་ལས་དམ་དྲག་བྱ་རྒྱུ་ཡིན་འདུག དེང་སྐབས་ལྷ་སའི་ནང་ཁུལ་དང་ལྷ་སའི་མེ་འཁོར་འབབ་ཚུགས་ལ་སྔར་དང་མི་འདྲ་བར་དམག་མི་མང་པོ་མཐོང་རྒྱུ་འདུག་བཅས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་མང་པོ་འབྱོར་བཞིན་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:14
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
རྒྱ་ནག་གིས་ཀོང་པོ་ནས་ལྷོ་བྲག་ཕྱོགས་སུ་དམག་མི་གཏོང་གི་ཡོད་པ།
རྡ་སའི་བོད་ཀྱི་བོད་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་༥༠་འཁོར་བ།
XS
SM
MD
LG