བྱང་ཀོ་རི་ཡས་ཨ་མེ་རི་ཀར་ཁ་གཏད་ངོ་རྒོལ་བྱ་རྒྱུའི་འཇིག་སྣང་སྐུལ་གྱིན་ཡོད་པ་དང་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་དབུས་གཞུང་རྒྱང་བསྒྲགས་ཁང་ནས་མཁའ་ཐོག་ནས་དྲག་རྒོལ་བྱ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཡིས་བཏང་ཡོང་བ་ཞིག་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།