ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་སྐྱོང་གིས་བོད་ནང་ཆོས་དང་རང་མོས་ཀྱི་ཐོབ་ཐང་མེད་ལུཌ་གསུངས་ཡོད་པ།


བཀའ་ཤག་དང་སྤྱི་འཐུས་ཟུང་སྦྲེལ་གིས་ད་རེས་ཉེ་དུས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོང་བའི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དེའི་ནང་མཉམ་ཞུགས་གནང་རྒྱུར། སྲིད་སྐྱོང་བློ་བཟང་སེང་གེ་ལཌ་ཀྱང་ལྡི་ལིར་ཕེབས་བསྐྱོད་གནང་ཡོད་པ་དང་། མཛད་རིམ་གྱི་བར་སེང་དུ་རྒྱ་གར་གྱི་་བརྙན་འཕྲིན་དང་། ཉིན་རེའི་གསར་ཤོག་ཆེ་ཤོས་གཅིག་གི་གསར་འགོད་པས་ཁོང་ལ་བོད་དོན་གྱི་སྐོར་ལ་གནས་འདྲི་ཁག་ཅིག་ཞུ་བའི་སྐབས། བོད་ནང་གི་གནས་སྟངས་ཛ་དྲག་ཆེན་པོ་ཡོད་པ་དང་བོད་མི་ཚོར་ཐ་ན་ཆོས་དད་རང་མོས་ཀྱི་ཐོབ་ཐང་ཀྱང་མེད་ལུགས་དང་རྒྱ་གར་གྱིས་བོད་ཀྱི་གནད་དོན་དེ་གལ་ཆེ་ཞིག་བརྩིས་གནང་དགོས་ཀྱི་ཡོད་ལུགས་གསུངས་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་ཀྱིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG