ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་སེལ་རྒྱུར་མདུན་སྐྱོད་བྱེད་ཐུབ་མེད་པ།


སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལ་འདེམས་ཐོན་བྱུང་བའི་ཁོངས་ནས་ལས་འཁུར་དམ་འབུལ་ཞུ་ཕྱོགས་གཉིས་བྱུང་ཡོད་པ་རྣམས་ཀྱིས་རེས་གཟའ་སྤེན་པའི་ཉིན་ལོགས་སུ་གསར་འགོད་ལྷན་ཚོགས་བསྐྱངས་ཡོད་ནའང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་དཀའ་ངལ་སེལ་རྒྱུར་འགྱུར་བ་གང་ཡང་མེད་པར་གནས་མུས་དང་། རེས་གཟའ་སྤེན་པའི་ཉིན་བར་བརྒལ་ཚོགས་གཙོའི་མདུན་དམ་བཅའ་ཕུལ་མཁན་དང་༧གོང་ས་མཆོག་གི་སྐུ་དཔར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་བཅའ་ཕུལ་མཁན་སྤྱི་འཐུས་རྣམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་མདུན་དུ་རིམ་བཞིན་གསར་འགོད་ལྷན་ཚོགས་གནང་བའི་ནང་ཕྱོགས་གཉིས་ཀས་མདུན་སྐྱོད་གནང་རྒྱུའི་དགོངས་པ་ཡོད་སྐོར་གསུངས་ཀྱི་འདུག་ཀྱང་ཕྱོགས་གཅིག་གིས་དམ་བཅའ་ཕུལ་སྟངས་ལ་ཕྱོགས་གཞན་གྱིས་ངོས་འཛིན་གནང་གི་མེད་སྐོར་གསུངས་ནས་ད་ཡོད་དཀའ་ངལ་དེ་སེལ་ནས་མདུན་སྐྱོད་གནང་རྒྱུའི་ཐབས་ལམ་གསལ་པོ་གང་ཡང་གསུངས་རྒྱུ་མི་འདུག་པ་བཅས་ཀྱི་སྐོར་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་གནང་པའི་གནས་ཚུལ་ཞིག་གསན་རོགས་གནང་།


XS
SM
MD
LG