ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལི་ཐང་དགོན་ཆེན་ལ་མེ་སྐྱོན་ཚབས་ཆེ་བྱུང་བ།


རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་ལི་ཐང་དགོན་ཆེན་ལ་མེ་སྐྱོན་ཆེན་པོ་ཞིག་བྱུང་ནས་སྐུ་གསུང་ཐུགས་རྟེན་ལ་སྐྱོན་ཆེན་པོ་བྱུང་འདུག་ཀྱང་། མི་ལ་འཆི་རྨས་སོགས་གང་ཡང་བྱུང་མེད་པའི་སྐོར་གནས་ཚུལ་དེར་ཐུགས་རྒྱུས་ཡོད་པ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་ལ་རྣམ་རྒྱལ་ཤཱསྟྲིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ལི་ཐང་ནི་༸རྒྱལ་མཚོག་སྐུ་ཕྲེང་བདུན་པ་དང་བཅུ་པའི་འཁྲུངས་ཡུལ་ཡིན་པ་མ་ཟད། ས་གནས་དེར་ཡོད་ལི་ཐང་དགོན་ཆེན་ནི་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་གྲགས་ཆེ་བའི་དགོན་པ་ཞིག་ཡིན། ཕྱི་ལོ་ ༡༥༨༠ ལོར་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པའི་ལི་ཐང་དགོན་ཆེན་བཞེངས་ནས་ད་བར་ལོ་ ༤༣༣ སོང་ཡོད་ཅིང་། ཕྱི་ལོ་༡༩༥༦ ལོར་རྒྱ་ནག་མི་མང་བཅིང་འགྲོལ་དམག་གིས་འབར་མདེལ་གྱིས་གཏོར་སྐྱོན་ཚབས་ཆེ་བཟོས་ཡོད་ནའང། ༡༩༨༠ གྱ་གྲངས་ནང་བོད་མི་ཚོས་ཉམས་གསོ་ཞུས་ནས་དགོན་གསར་པ་བཞེངས་ཞུས་ཡོད། རེས་གཟའ་སྤེན་པའི་ཉིན་ལོ་ཐང་དགོན་ཆེན་ལ་མེ་སྐྱོན་གྱི་གནོད་འཚེ་བྱུང་འདུག མེ་སྐྱོན་མ་བྱུང་གོང་གི་ལི་ཐང་དགོན་ཆེན་གྱི་དཔར་གྱི་རྣམ་ཐར་གསལ་པ་འདི་རྣམ་པར་ཚོར་ཝོ་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་ནས་རྣམ་པ་ཚོར་སྤྱར་བསྟར་ཞུས་པ་ཡིན།
XS
SM
MD
LG