བྱང་ཀོ་རི་ཡའི་དམག་དོན་ཐད་ཀྱི་དབུ་འཁྲིད་ཚོས་ལྷོ་ཀོ་རི་ཡའི་དམག་དོན་མི་སྣ་དང་བསྐྱར་དུ་གྲོས་མོལ་བྱེད་དགོས་དོན་མི་འདུག་ཅེས་གསུངས་ཡོད་པ་རེད་ བཀའ་མོལ་དེ་ནི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་དོན་མི་སྣའི་སྔོན་འགྲོའི་གྲོས་མོལ་ཞིག་ཉིན་གཉིས་རིང་བྱས་ཡོད་པ་དེ་ལ་གྲོས་མཐུན་མ་བྱུང་བ་མ་ཟད་བཤད་རེས་ཞིག་བྱུང་བའི་རྗེས་སུ་སྐུ་ཚབ་ཕྱིར་ཐོན་པ་སོགས་ཀྱི་གནས་ཚུལ་བྱུང་ནས་་ཉིན་གཅིག་གི་རྗེས་སུ་གསུངས་པ་ཞིག་ཡིན་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་SteveHermanགིས་གནས་ཚུལ་བཏང་བ་ཞིག་པ་སངས་དབྱངས་སྐྱིད་ལགས་ནས་ཕབ་སྒྱུར་ཞུས་གནང་གི་རེད།