ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ལོ་ཆིག་སྟོང་ཡན་གྱི་ཡིག་གཟུགས་བཅོ་ལྔ་ལྷག་ཡོད་པའི་ཁྲོད་བོད་ཀྱི་ཡིག་གཟུགས་འདི་གཅིག་ཡིན་པ།


བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག ཕྱི་ཟླ་ ༡༡ ཚེས་ ༢ ཉིན་རྒྱབ་ཕ་རན་སིའི་སྐད་བརྡ་རིག་པ་བ་དགེ་རྒན་ཆེན་མོ་སྐུ་ཞབས་ནི་ཁོ་ལཱ་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་བོད་ཀྱི་སྐད་ཡིག་གི་གནས་བབ་དང་གལ་ཆེའི་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གསུང་བཤད་ཅིག་གནང་སོང་བ་དང་སྦྲགས། སྐབས་དེར་སྐུ་ཞབས་ ནི་ཁོ་ལཱ་ ལགས་ཀྱིས་ད་ལྟའི་ཆར་བོད་ནང་རིག་གནས་གསར་བརྗེ་གཉིས་པ་སླེབས་པ་བཞིན་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་བོད་པའི་བྱིས་པ་ཚོར་རང་གི་སྐད་ཡིག་སློབ་སྦྱོང་བྱེད་མི་ཆོག་པ་བཟོས་ཡོད་པའི་སྐོར་ལ་གསུང་བཤད་དང་། ཡང་སྐབས་དེར་ཁོང་གིས་གངས་ལྗོངས་བོད་ཀྱི་སྐད་ཡིག་རྙིང་པ་ལས་བྱུང་བའི་སྐད་རིགས་ཀྱི་ཁྱིམ་རྒྱུད་ལ་འཇུག་པ་རབ་གསལ་མེ་ལོང་ཞེས་པའི་དེབ་དེ་དང་། ས་ཁྲའི་ཐོག་ནས་བོད་ཀྱི་ས་ཁྱོན་ཆེན་པོ་ཡོད་པ་སོགས་ངོ་སྤྲོད་གནང་སོང་ལ། དེ་དང་སྦྲགས་འཛམ་གླིང་འདིའི་ནང་སྐད་རིགས་ ༧༠༠༠ ལྷག་ཡོད་པའི་ཁྲོད་ནས་ལོ་གཅིག་སྟོང་ཡན་གྱི་ཡིག་གཟུགས་ཡོད་མཁན་སྐད་ཡིག་བཅོ་ལྔ་ལྷག་ལས་མེད་དང་དེའི་ནང་བོད་ཀྱི་ཡིག་གཟུགས་འདི་ཚུད་ཀྱི་ཡོད་པ་གསུངས་གནང་སོང་།

གཞན་ཡང་གསུང་བཤད་ལས་རིམ་ཐོག་ལས་བྱེད་ཁག་ཅིག་གིས་དགེ་རྒན་ཆེན་མོ་ཁོང་ལ་བསྔགས་བརྗོད་དང་འབྲེལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་གནས་བབ་སྐོར་དང་འབྲེལ་ནས་འདྲི་བ་དྲིས་ལན་གནང་སོང་།

གཞི་རྩའི་སྐུ་ཞབས་ཁོང་ནི་མི་ལོ་སུམ་ཅུ་ལྷག་རིང་བོད་ཆོལ་ཁ་གསུམ་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཡུལ་ལུང་མང་པོའི་ཡུལ་སྐད་ལ་ཞིབ་འཇུག་གནང་མཁན་གྱི་སྐད་བརྡ་རིག་པ་བ་ཞིག་ཡིན་པ་རེད་འདུག

XS
SM
MD
LG