ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུར་རྒྱབ་སྐྱོར།


ཕྱི་ཟླ་༤་ཚེས་༢༧་ཉིན་ཐེ་ཝནགྱི་འཕྲོད་བསྟེན་བློན་ཆེན་སོགས་ཀྱིས་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་དང་བཅས་པར་བཀའ་མོལ་གནང་བཞིན་པ།

དེ་རིང་ཕྱི་ཟླ་༥་པའི་ཚེས་༨་ཉིན་ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་པའི་ནེའུ་ཛི་ལན་ཌིའི་གཞུང་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག འདི་ནི་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་བསྐྱར་དུ་བཅུག་ནས་རྒྱལ་ཚོགས་ཀྱི་ལྷན་ཁང་དེའི་ལས་དོན་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྟགས་སུ་མངོན། སྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་ནས་བཟུང་། ཐེ་ཝན་གཞུང་གིས་འཕྲལ་དུ་རང་གི་མཚོ་གླིང་དེར་ཚབས་ཆེའི་འགོས་ནད་དེ་ཁྱབ་གདལ་འགྲོ་རྒྱུ་སྔོན་འགོག་ནན་པོ་ྱ་རྒྱུ་འགོ་ཚུགས། ད་ལྟ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༢༧༠༠༠༠་མ་ཟིན་ཙམ་ཞིག་འདས་གྲོངས་དང་མི༣༨༠༠༠༠༠་ལྷག་ལ་ནད་མནར་བྱུང་། ཡིན་ནའང་མི་འབོར་ས་ཡ་༢༤་ཡོད་པའི་ཐེ་ཝན་མཚོ་གླིང་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༤༤༠་དང་མི་༦་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་ཅིང་། ད་ལོ་ནད་ཡམས་ལ་འཐབ་རྒོལ་དུས་སུཐེ་ཝན་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཇི་ལྟར་བྱས་མིན་གྱི་ཉམས་མྱོང་དང་གྲུབ་འབྲས་རྣམས་འཛམ་གླིང་ཡོངས་ཀྱི་མིག་དཔེ་བལྟས་ནས་སློབ་སྦྱོང་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།།

ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲིན་ཧྲི་ཀྲོང་།
ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲིན་ཧྲི་ཀྲོང་།

ན་ནིང་ལོ་མཇུག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་དུས་སུ་ཁ་རས་དང་ནད་བརྟག་འཕྲུལ་ཆས་སོགས་འདང་ངེས་མེད་པའི་རྒྱལ་ཁབ་ཁག་ལ་ཐེ་ཝན་གྱིས་ཁ་རས་དང་ནད་བརྟག་འཕྲུལ་ཆས་སོགས་ཀྱི་རོགས་སྐྱོར་སྤྲད། ཐེ་ཝན་གཞུང་གིས་ང་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལཐེ་ཝནམཉམ་ཞུགས་བྱེད་དུ་འཇུག་ཞེས་འབོད་སྐུལ་ཞུས། རྒྱ་ནག་གི་གནོན་ཤུགས་འོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐེ་ཝན་ལ་འབྲེལ་བ་དང་རིམས་ནད་སྔོན་འགོག་གི་གྲོས་བསྡུར་གང་ཡང་བྱེད་མི་ཕོད་པ་དང་། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ཁོངས་སུ་མཉམ་ཞུགས་ཀྱང་ྱེད་དུ་བཅུག་མེད་པ་རེད། དེར་བརྟེན་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་མང་པོ་ཞིག་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས། ཐེ་ཝན་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་བྱུང་འདུག་ཅེས་རྩོད་པ་བརྒྱབ། དེ་རིང་གཟའ་པ་སངས་ཉིན་ནེའུ་ཛི་ལན་ཌིའི་གཞུང་གིས་ཐེ་ཝན་གྱི་རིམས་ནད་སྔོག་འགོག་གི་གྲུབ་འབྲས་ལ་གཞིགས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུ

ེའུ་ཛི་ལན་ཌིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཝུ་ཞཱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན། ནེའུ་ཛི་ལན་ཌིའི་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་རེ་བ་ཡོད། ཐེ་ཝན་གྱི་གནད་དོན་ལ་གཟབ་ནན་བྱས་ནས་རྒྱ་ནག་དང་ནེའུ་ཛི་ལན་ཌིརའབྲེལ་བ་བཟང་པོ་ཞིག་ཡོད་པ་དེར་གནོད་སྐྱོན་མི་འབྱུང་བ་ཞིག་བྱ་དགོས་ཞེས་བཤད། ནེའུ་ཛི་ལན་ཌིའི་སྲིད་བློན་གཞོན་པ་ཝིན་སི་ཊོན་ཕི་ཊར་སིས་ཐེ་ཝན་གཞུང་གིས་འཛམ་གླིང་ཡོངས་ལ་ཉམས་མྱོང་ཡག་པོ་ཞིག་སློབ་ཐུབ། རྒྱ་ནག་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཀུན་པོས་ཐེ་ཝན་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གང་ལེགས་བྱས་ཐུབ་ཡོད་པའི་མན་ངག་སློབ་དགོས་པར་མ་ཟད། ཐེ་ཝན་གྱི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་ས་ཞིག་ཏུ་འགྱུར་དགོས་ཀྱི་འདུག ང་ཚོའི་ལངས་ཕྱོགས་ནི་འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་༢༠༡༦་ལོར་ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཟུར་ཉན་པའི་གནས་བབ་ཡོད་པ་སླར་གསོ་བྱ་ཐབས་དེ་ཡིན། ང་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཆབ་སྲིད་དམཡང་ན་ས་ཁམས་འཐབ་ཇུས་ཀྱི་དམིགས་ཡུལ་ཞིག་མིན། ཐག་གཅོད་འདི་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་སྲིད་ཇུས་ལ་འགལ་བ་མེད། ང་ཚོའི་ཐག་གཅོད་འདི་ཆབ་སྲིད་ལ་འབྲེལ་བ་མེད་པར་འཛམ་གླིང་མི་དམངས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་འབྲེལ་བ་ཡོད། ནེའུ་ཛི་ལན་ཌིའི་མི་དམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པ་ཞིག་རེད་ཅེས་རྒྱ་ནག་གི་གཞུང་ཚབ་པའི་སྐྱོན་བརྗོད་ལ་དགག་པ་བརྒྱབ། སྐུ་ཞབས་ཕི་ཊར་སིས་སྔ་མོ་ནས་ཐེ་ཝན་རྒྱལ་ཁབ་གཅིག་རེད་ཅེས་བཤད་མྱོང་ཡོད་པ་རེད།།

འདི་དང་དུས་མཚུངས་སུ་ཕྱི་ཟླ་༥་ཚེས་༨་ཉིན་ནེའུ་ཛི་ལན་ཌིའི་ནོར་སྲིད་བློན་ཆེན་རོ་བྷར་ཊི་སན་གྱིས་ཀྱང་ཐེ་ཝན་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཉམས་མྱོང་ཡག་པོ་ཞིག་སློབ་ཐུབ་ཀྱི་འདུག སྔོན་ཆད་ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཟུར་ཉན་པའི་གདན་ཐོབ་ཡོད་པ་རེད། ངས་བལྟས་ན་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་རྗེས་སུ་ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་བསྐྱར་དུ་ཟུར་ཉན་པའི་གདན་ཐོབ་སྤྲོད་ཀྱི་འདུག་ཅེས་བཤད། ༢༠༠༩་ནས་༢༠༡༦་བར་དུ་མ་དབྱིན་ཇུག་གིས་ཐེ་ཝན་གྱི་སྲིད་དབང་བཟུང་བའི་རིང་དེར་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་སོང་། རྒྱ་ནག་གི་དགག་བྱ་མེད་པར་ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཟུར་ཉན་པའི་གནད་ཐོབ་སྤྲད། འོན་ཀྱང་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝེན་སྲིད་འཛིན་འདེམས་ཐོན་བྱུང་བའི་རྗེས་སུ་རྒྱ་ནག་གིས་དགག་པ་བརྒྱབ་ནས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཟུར་ཉན་པའི་ཁོངས་ནས་ཕྱིར་ཕུད་བྱས་ཡོད་པ་རེད།།

ལོ་འདིའི་མགོ་སྟོད་དེར་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་མ་ཐག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གཞུང་དང་སྲིད་འཛིན་ཞིས་ཅིན་ཕིང་གིས་ནད་དུག་སྔོན་འགོག་གང་ལེགས་བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱསདེ་ནས་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་ཕྱིན་ནས་མི་༧༥༠༠༠་ལྷག་ལ་འཆི་སྐྱོན་དང་མི་༡༢༠༠༠༠༠་ལྷག་ལ་ནད་དུག་འགོས་ནས་བཟུང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། ཁོང་གིས་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་ཝུ་ཧན་གྲོང་ཁྱེར་གྱི་ཚོད་ལྟ་ཁང་ཞིག་ནས་ཕྱི་ལ་ཁྱབ་པ་ཡིན་མིན། རྒྱ་ནག་གཞུང་གིས་རང་ཡུལ་ལ་ཚབས་ཆེའི་འགོས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་ནས་འཛམ་གླིང་ཡོངས་ལ་དུས་ཐོག་ཏུ་ཉེན་བརྡ་བཏང་ཡོད་མེད་བཅས་ལ་ཞིབ་འཇུག་བྱ་དགོས། ཐེ་ཝན་བསྐྱར་དུ་འཛམ་གླིང་འཕྲོད་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་གཏམ་བཤད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་དེ་ནས་ཨ་རིའི་མཐུན་གྲོགས་གཙོ་བོ་ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་དག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། གཟའ་འཁོར་འདིར་ནེའུ་ཛི་ལན་ཌིའི་གཞུང་གིས་ཀྱང་ཐེ་ཝན་བསྐྱར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་དེར་རྒྱབ་སྐྱོར་བྱས་འདུག

XS
SM
MD
LG