ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༣/༢༥

ནིའུ་ཡོག་ལ་ནད་དུག་གི་ངར་སྒར་ཆག་གི་ཡོད་སྲིད་པའི་རེ་བ།


༄༅།། དེང་སྐབས་ཨ་མི་རི་ཀར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་ཅིང་། ནིའུ་ཡོག་མངའ་སྡེ་ནི་ཨ་རི་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་གཙོ་བོར་དེར་གྱུར་འདུག འོན་ཀྱང་ཁ་སྔོན་གཟའ་ཉི་མ་དང་གཟའ་ཟླ་བ་གཉིས་ལ་ཉིན་ལྟར་ནིའུ་ཡོག་མངའ་སྡེའི་ནང་དུ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་༦༠༠་ཟིན་མེད་པ་རེད། འདི་ནི་ནིའུ་ཡོག་མངའ་སྡེར་ཏོག་དབྱིབས་ནད་དུག་གི་ངར་སྒང་ཆག་གི་ཡོད་པའི་རྟགས་མཚན་ཞིག་ཡིན་སྲིད་ཅེས་ཨ་རིའི་དབུས་གཞུང་དང་མངའ་སྡེའི་འགོ་ཁྲིད་ཚོས་རེ་བ་འཆང་གི་ཡོད་པའི་གནས་ཚུལ་རྣམས་འཕྲིན་ལས་ཆོས་སྒྲོན་གྱིས་ཕྱོགས་བསྡུས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG