ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྨ་ལྷོ་སོག་རྫོང་དུ་བོད་མི་གཉིས་སྟོང་ལྷག་གིས་ཞི་བའི་ངོ་རྒོལ་བྱས་འདུག


བོད་མདོ་སྨད་རྨ་ལྷོ་སོག་རྫོང་དུ་གཙང་དགོན་པའི་དགེ་འདུན་པ་དང་ཨ་རིག་ཡུལ་ཚོའི་སྐྱ་སེར་མི་མང་ཉིས་སྟོང་ལྷག་འཛོམས་ཏེ་༼བོད་མི་ཚོར་རང་དབང་སྤྲོད་དགོས༽་དང་༼༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས༽་ཞེས་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ཞི་རྒོལ་སྣེ་ཁྲིད་མཁན་སྐྱ་སེར་བཅུ་བདུན་འཛིན་བཟུང་བྱེད་སྐབས་མི་མང་གིས་ཁོང་ཚོ་གློད་འགྲོལ་གཏོང་དགོས་པའི་སྐད་འབོད་བྱེད་པའི་སྐབས་མི་དེ་རྣམས་གློད་འགྲོལ་བཏང་ཡོད་ཀྱང་། ཁྲིམས་ཁང་ནས་ཞི་རྒོལ་སྣེ་ཁྲིད་མཁན་ཚོའི་དཔར་དང་ལོ་རྒྱུས་ཡིག་ཆ་སོགས་བསྡུས་ཡོད་འདུག་པས་ཁོང་ཚོ་བསྐྱར་དུ་འཛིན་བཟུང་བྱ་རྒྱུར་མང་ཚོགས་ཀྱིས་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་ཆར་སོག་རྫོང་དུ་ཀན་སུའུ་དང་ལན་ཀྲུ་ས་ཁུལ་ནས་དམིགས་བསལ་ཆེད་སྦྱོང་སྤྲད་པའི་དམག་མི་འབོར་ཆེན་འབྱོར་གྱིན་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་འདི་ཐོག་མར་མཁོ་སྤྲོད་གནང་མཁན་དང་བོད་དུ་ཐད་ཀར་འབྲེལ་བ་བྱུང་ཡོད་མཁན་ཨ་རིག་དགེ་མཚན་ལགས་ལ་བཀའ་འདྲི་ཞུས་ཡོད་པ་ཞིག་ལ་གསན་རོགས་གནང་།

XS
SM
MD
LG