ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལྷོ་ཕྱོགས་སུ་བོད་པ་༡༠༢་ལ་གསར་དུ་ནད་དུག་འགོས་འདུག


༄༅།། རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་དགོན་གྲོང་གཉིས་སུ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་རིམ་པ་ཞིག་ཕྲད་དང་འཕྲད་བཞིན་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་ས་༡༥་ཉིན་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་དང་དགོན་སྡེ་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢་ལས་མེད་པ་ཞིག་ཏུ་གྱུར། རེ་ཞིག་གཞིས་ཆགས་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་གཅིག་ཀྱང་མེད་རུང་ཕྱི་༡༠་པའི་ཚེས་༣་ནས་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པའི་གྲས་སུ་ནད་པའི་ཁ་གྲངས་མང་དུ་སོང་སྟེ་ནད་པ་༨༧་ལ་འཕར། ནད་པ་དེ་དག་གི་བརྒྱ་ཆ་དགུ་བཅུ་ཐམ་པ་སེར་བྱེས་གྲྭ་ཚང་དུ་ཐོན། ད་ལྟའི་ཆར་དྲག་སྐྱེད་བྱུང་བ་རྣམས་ཕུད་པའི་དངོས་སུ་ནད་པ་༥༦་ཡོད་པ་ཚང་མ་སེ་ར་བྱེས་སྨད་གཉིས་སུ་ཡོད་པ་དང་ནད་པ་བརྒྱ་ཆ་དགུ་བཅུ་ཐམ་པ་ཏོག་དབྱིབས་སྨན་ཁབ་བརྒྱབ་ཟིན་པ་རྣམས་ཡིན་འདུག གཞིས་ཆགས་མང་ཚོགས་ཀྱི་གྲས་སུ་ནད་པ་གཅིག་ཀྱང་མེད་ཅེས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་དབུ་འཛིན་རིག་འཛིན་རྣམ་རྒྱལ་གྱིས་འགྲེལ་བརྗོད་གནང་འདུག

ནད་པ་དེ་དག་གི་གྲས་སུ་འཚོ་རླུང་གཏོང་དགོས་ས་ཁག་ཅིག་བྱུང་ཡོད་པའི་མང་ཆེ་བ་དྲག་སྐྱེད་བྱུང་ཞིང་། ད་དུང་མེ་སོར་ཨེ་པོ་ལོ་སྨན་ཁང་དང་ཀོ་ལིམ་བྷི་ཡ་སྨན་ཁང་གཉིས་སུ་ནད་བབ་ཛ་དྲག་ཡིན་པའི་ནད་པ་གཉིས་ལ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་ཉེན་ཁ་ཆེན་པོ་མི་འདུག དེང་སྐབས་གདན་ས་འབྲས་སྤུངས་དང་དགའ་ལྡན། སེ་ར་ཐེག་ཆེན་གླིང་བཅས་ལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འཚོགས་བཞིན་ཡོད་པ་དང་སེ་ར་ཐེག་ཆེན་གླིང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་མཁན་གྲས་སུའང་ཏོག་དབྱིབས་ནད་རྟགས་ཐོན་མཁན་ཁ་ཤས་བྱུང་། དགེ་འདུན་པ་གཉིས་དགེ་ལུགས་རྒྱུགས་སྤྲོད་ནས་དགོངས་པ་ཞུ་དགོས་བྱུང་ཡོད་པ་དང་གནད་དོན་དེར་སེར་བྱེས་ཏོག་དབྱིབས་ནད་ཡམས་ཛ་དྲག་ཚོགས་ཆུང་གི་ལས་བྱེད་པ་སེར་བྱེས་ཕྱག་མཛོད་ཆེན་མོ་དགེ་བཤེས་དཔལ་ལྡན་གྱིས་ནད་པ་དེ་ཚོར་ལྟ་སྐྱོང་གང་ལེགས་བྱེད་བཞིན་ཡོད། ཛ་དྲག་ཅན་དེ་འདྲ་མ་རེད་ཅེས་བཀྲལ།།

གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་སུ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་མེད་པར་གྱུར་ཏེ་བོད་ཟླ་བརྒྱད་པའི་ཚེས་ཤར་ནས་འབྲས་སྤུངས་གྲྭ་ཚང་གཉིས་ཀྱི་ཚོགས་ཆོས་དཔེ་ཁྲིད་དང་སློབ་གྲྭ་སོགས་སློབ་གཉེར་གྱི་རིམ་པ་ཡོངས་རྫོགས་བསྐྱར་གསོ་བྱུང་། ཉེ་ལམ་མོན་གྷོ་ས་སྐྱའི་དགོན་པ་དང་གཞིས་གྲོང་བརྒྱད་པ་གཉིས་སུ་སླར་ཡང་ཏོག་དབྱིབས་ནད་པ་ཐོན་པས་གནས་སྐབས་རིང་རྒྱུན་ལྡན་གྱི་བྱེད་སྒོ་ཁག་མཚམས་བཞག གདན་ས་དགའ་ལྡན་གྱི་ཤར་བྱང་གྲྭ་ཚང་གཉིས་ཀྱི་ཚོགས་ཆོས་ར་དང་དཔེ་ཁྲིད་སློབ་གྲྭ་བཅས་སློབ་གཉེར་གྱི་རིམ་པ་རྣམས་བསྐྱར་གསོ་བྱུང་སྟེ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།།

ད་ལྟ་ཏོག་དབྱིབས་ཡམས་ཁྱབ་གདལ་སྔོན་འགོག་ཆེད་དུ་ས་སྐྱ་དགོན་པ་དང་གཞིས་གྲོང་བརྒྱད་པ་གཉིས་ལ་འགྲོ་འོང་བཀག་སྡོམ་བྱ་དགོས་བྱུང་སོང་ཞེས་མོན་གྷོ་འདོད་རྒུ་གླིང་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་གིས་འགྲེལ་བརྗོད་གནང་སོང་། ཁོང་གིས་ད་ལྟའི་ཆར་ས་སྐྱ་དགོན་པ་དང་གཞིས་ཆགས་མང་ཚོགས་བསྡོམས་པས་ནད་པ་༣༦་ཡོད་པ་དང་བརྒྱ་ཆ་དགུ་བཅུ་ནི་ཏོག་དབྱིབས་སྨན་ཁབ་བརྒྱབ་ཟིན་པ་རྣམས་རེད། དེའི་རྒྱུ་རྐྱེན་ནི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དེ་སྔོན་ལས་ནུས་པ་ཆེ་བ་ཡོད་པས་འགོ་ཁྱབ་ཆེ་བ་འདུག སྨན་ཁབ་བརྒྱབ་ཟིན་ན་སྲོག་གི་ཉེན་ཁ་ཆུང་གི་འདུག་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་ཧུན་སུར་གཞིས་ཆགས་ཀྱི་མང་ཚོགས་གྲས་སུ་ཕྱི་ཚེས་༦་བར་དུ་ནད་པ་གཅིག་ཀྱང་མེད་རུང་ཕྱི་ཚེས་༧་ཉིན་རྒྱུད་སྨད་གྲྭ་ཚང་དུ་ནད་པ་གསར་པ་གསུམ་དང་རྫོང་ཆོས་གྲྭ་ཚང་དུ་ནད་པ་གཅིག་བཅས་ཁྱོན་བསྡོམས་ནད་པ་བཞི་ཐོན། གཞན་ཡང་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕྱི་ཚེས་༧་བར་དུ་ནད་པ་༦་ཡོད་པ་བཅས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་དུ་ནད་པ་༡༠༢ ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG