ངོ་འཕྲད་བདེ་བའི་དྲ་འབྲེལ།

འདེམས་ཐོན་སྤྱི་འཐུས་ཚོས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་དམ་འབུལ་ཞུ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདེམས་ཐོན་སྤྱི་འཐུས་ཚོས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་དམ་འབུལ་ཞུ་རྒྱུ།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་ཡིག་ཕེབས་དོན་བཞིན་འདེམས་ཐོན་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་དམ་འབུལ་ཞུ་རྒྱུར་སྤྱི་མོས་ཐག་གཅོད་བྱུང་འདུག དེ་ཡང་ནང་མོལ་ཚོགས་འདུའི་གཙོ་སྐྱོང་བ་མཁན་པོ་བསོད་ནམས་བསྟན་འཕེལ་དང་སྒྲོལ་མ་ཚེ་རིང་རྣམ་གཉིས་ཀྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་བསྐོངས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཐག་གཅོད་ཅི་བྱུང་རྣམས་ཁྱབ་བསྒྲགས་གནང་འདུག

ཉེ་ཆར་ཕྱི་ཟླ་༩་ཚེས་༢༧་ནས་༢༩་བར་དུ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་འདེམས་ཐོན་སྤྱི་འཐུས་ཚོ་ནང་མོལ་ཚོགས་འདུ་ཚོགས་ཏེ་དཀའ་སེལ་ཐབས་ལམ་མ་འདྲ་བ་བརྒྱད་གཏན་འབེབས་བྱུང་སྟེ་ཐག་གཅོད་དང་པོ་དེར་བར་བརྒལ་ཚོགས་གཙོའི་མདུན་དུ་ཚང་མས་བསྐྱར་དུ་དམ་འབུལ་ཞུ་རྒྱུ་ཞེས་འཁོད། ད་ཐེངས་ཀྱི་ཐག་གཅོད་གཞིར་བཟུང་མཛད་རིམ་འཆར་སྒྲིག་ཞུ་ཐུབ་པ་བྱུང་ན་སང་ཉིན་བར་བརྒལ་ཚོགས་གཙོ་དང་སྤྱི་འཐུས་ཚོས་དམ་བཅའ་འབུལ་རྒྱུའི་མཛད་རིམ་གཏན་ཁེལ་བྱུང་འདུག མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཉིན་གཉིས་དང་ཕྱེད་ཀའི་ནང་མོལ་ཚོགས་འདུའི་ཐོག་ཏུ་ཚོགས་བཅར་བ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་བཀོད་སྙན་ཞུ་འབུལ་རྒྱུའི་ཐག་གཅོད་དེ་གཅིག་པུར་སྤྱི་མོས་བྱུང་བ་དང་དེ་ལ་ལམ་སྟོན་གང་ཕེབས་ཀྱང་དེའི་ཐོག་ཏུ་ཤར་སྐྱོད་བྱ་རྒྱུའི་དམ་བཅའ་ཡོད་ཅེས་བཀྲལ།།

དེ་རིང་གི་གསར་འགོད་ལྷན་ཚོགས་སྐབས་སུ་གསར་འགོད་པ་ཚོར་མཚན་བཀོད་སྙན་ཞུ་དེ་དང་བཀའ་ཡིག་གི་ངོ་བཤུས་རེ་བཀྲམ་སོང་བས་༧གོང་ས་མཆོག་གི་བཀའ་ཡིག་དེར་མགོན་པོ་གང་ཉིད་སྐུ་ན་ཕྲ་དུས་ནས་བོད་ཀྱི་སྤྱི་ཚོགས་ལ་དམངས་གཙོའི་ལམ་ལུགས་གོང་འཕེལ་གཏོང་ཐབས་སུ་སྐུ་ངལ་འཛེམ་མེད་བསྐྱོན་པར་མ་ཟད། བོད་པ་ཚོར་༧རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མེད་པའི་སྟོང་ཆ་དེ་ནམ་ཡང་མི་མངོན་པའི་གདེང་སྤོབས་བྱས་ཀྱང་འདི་ལོའི་བྱུང་རིམ་དུ་དེ་ལས་ལྡོག་སྟེ་གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་བློ་ཕམ་བྱུང་། ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་སྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས། བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང་། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད་ཅེས་བཀོད།།

དེ་རིང་སྐབས་༡༧་པའི་སྤྱི་འཐུས་འོས་ཐོན་པ་༤༥་ཐུན་མོང་གིས་ནང་མོལ་ཚོགས་འདུའི་ཐོག་ཏུ་སྤེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་མཇུག་ཏུ་མང་ཚོགས་ལ་སྤྱི་པའི་རྩ་དོན་ཐོག་ཏུ་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་འབོད་སྐུལ་ཞིག་ཀྱང་ཞུས་འདུག ད་ལོའི་ཕྱི་ཟླ་༦་པའི་༨་ཉིན་སྐབས་བཅུ་བདུན་པའི་བོད་མི་དམངས་སྤྱི་འཐུས་ཚོར་དམ་བཅའ་འབུལ་ཕྱོགས་མི་འདྲ་བ་གཉིས་བྱུང་སྟེ་ཟླ་བ་བཞིའི་རིང་ལ་གྲོས་ཚོགས་ཚུགས་མ་ཐུབ། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་དང་བྱེ་བྲག་ཏུ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་བཀའ་བློན་རྣམས་འདེམས་བསྐོ་མ་ཐུབ་བར་ལུས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG