༄༅།། ཁ་སྔོན་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་རི་ཁུག་ཅིག་ཏུ་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབས་སྐྱོན་བྱུང་སྟེ་འགྲུལ་པ་༢༢་ཡོད་པ་ཚང་མར་སྲོག་སྐྱོན་བྱུང་ཞིང་། ད་ལྟ་བལ་ཡུལ་གཞུང་གིས་འགྲུལ་པ་འདས་པོ་མི་གྲངས་༢༢་ཀྱི་ཕུང་པོ་རྣམས་གནམ་གྲུའི་ཆག་རོའི་འོག་ནས་ལེན་ཐུབ་ཡོད་པ་དང་གནམ་གྲུའི་སྒྲ་སྡུད་འཕྲུལ་ཆས་ཀྱང་ལག་སོན་བྱུང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།