ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་གྱི་ཉེན་རྟོག་པས་བོད་པ་བཙན་བྱོལ་བ་ཚོར་ལྷ་བབ་དུས་སྲུང་བརྩི་བྱེད་དུ་བཅུག་མེད་པ།


བལ་ཡུལ་གྱི་གངས་སེང་ཐེབས་རྩ་ཚོགས་པས་གོ་སྒྲིག་འོག་རྣམ་རྒྱལ་སློབ་གྲྭ་གཙོ་བོར་གྱུར་པའི་སློབ་ཕྲུག་སློབ་མ་དང་མི་མང་གཉིས་ཟུང་འབྲེལ་ཐོག་ཏུ་ལྷ་བབ་དུས་ཆེན་སྲུང་བརྩི་བྱེད་རྒྱུ་གཏན་འབེབས་བྱས་པ་མ་ཟད། ཁོང་ཚོས་བལ་ཡུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཆོག་མཆན་ཞུས་ནས་བཀའ་འཁྲོལ་ཐོབ་རུང་། ཕྱི་ཚེས་༢༩་ཉིན་བལ་ཡུལ་གྱི་ཉེན་རྟོག་པས་བོད་ཕྲུག་སློབ་མ་དང་མི་མང་ཁག་ཅིག་བཀག་སྡོམ་བྱས་ནས་ཆོས་ཕྱོགས་ཀྱི་དུས་དྲན་དེར་སྲུང་བརྩི་བྱེད་དུ་བཅུག་མེད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་དགའ་ལྡན་བཀྲ་ཤིས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེར་གནས་རོགས་གནང་།།

XS
SM
MD
LG