ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་ཚོགས་ཀྱིས་བལ་ཡུལ་ལ་ཞི་བའི་གྲོས་རིམ་མདུན་སྐྱོད་དགོས་པའི་སྐུལ་ལྕག


༄༅།། བལ་ཡུལ་གྱི་སྲིད་བློན་མ་དྷབ་ཀུ་མར་རང་གི་ལས་གནས་ནས་དགོངས་ཞུ་བྱས་པ་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། བལ་ཡུལ་གྱི་ཞི་བའི་གྲོས་མཐུན་དུ་འཁོད་པའི་ཆོད་སེམས་ཁག་དོན་ཐོག་ཏུ་འཁྱོལ་ཐབས་ཡོང་བར་འབྲེལ་ཡོད་སྲིད་དོན་ཚོགས་པ་ཁག་གིས་མཉམ་སྐྱོང་སྲིད་གཞུང་ཞིག་འཛུགས་ཐུབ་པའི་འབད་བརྩོན་ཆེ་སྐྱེད་བྱེད་དགོས་ཞེས་ནན་བརྗོད་བྱས་པ་མ་ཟད། ཁོང་གིས་མའོ་ཤོག་ཁག་གི་འཐབ་མོ་བ་ཟུར་པ་ཆིག་ཁྲི་དགུ་སྟོང་ཙམ་ཡོད་པ་དེ་དག་བལ་ཡུལ་གྱི་གཞུང་དམག་ཁོངས་སུ་འཇུག་དགོས་པ་དང༌། ཁོང་ཚོའི་སྡོད་གནས་སོགས་གཞུང་གིས་མྱུར་དུ་གོ་སྒྲིག་བྱེད་དགོས་ཞེས་ནན་སྐུལ་གནང་ཡོད་པ་རེད།།

XS
SM
MD
LG